རྩོམ་པ་པོ།   张国华  ཡིག་བསྒྱུར།       དུས་ཚོད།   2017-04-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
ཉི་འོད་ཕྱོགས་བཞིར་འཕྲོ་ཞིང་འབྲས་བུ་གཡུར་དུ་ཟ་བའི་ཡུན་ནན་ཞིང་ཆེན་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལུའོ་ཅི་ཤང་མྱི་ཟུར་གྲོང་ཚོ་རུ་ཟླ་10པའི་ཚེས་27ཉིན་ལོ་གཅིག་དུས་གཅིག་གི་བོད་ཀྱི་སྲོལ་རྒྱུན་དུས་ཆེན་རི་སྐྱབས་རྟ་རྒྱུག་དགའ་སྤྲོ་ངང་བསུ་བཞིན་ཡོད་པ་རེད། ལུས་ལ་དུས་ཆེན་གྱི་གཟབ་མཆོར་གོས་རྒྱན་ལེགས་པར་སྤྲས་པའི་གྲོང་ཚོ་ཡོངས་ཀྱི་ཕོ་མོ་རྒན་གཞོན་དར་གསུམ་རྣམས་དང་རྒྱབ་དུ་ཡོང་པའི་མགྲོན་པོ་རྣམས་གཞི་བདག་ཞལ་དཀར་བཀྲ་ཤིས་དཔལ་ལྡན་ཞབས་སུ་འཛོམས་ནས་སྤྲོ་སེམས་འཁོལ་བའི་ངང་དུས་ཆེན་དགའ་གཏོང་བྱས་པ་དང་། ཐུན་མོང་གིས་གཞི་བདག་ལ་མཆོད་པ་འབུལ་ནས་འདུ་ར་འཁྲུག་ཅིང་། མི་དང་རང་བྱུང་དང་། མི་དང་སྲོག་ཆགས་ལ་སོགས་པ་མཉམ་གནས་འཆམ་མཐུན་བྱེད་ཐུས་པའི་དུས་ཆེན་གྱི་རིག་གནས་འགྲེམས་སྟོན་བྱས་པ་རེད།
ཐོག་མར་ཐུན་མོང་གིས་གཞི་བདག་ལ་མཆོད་པ་འབུལ་བ་དང་། ཞལ་འདོན་ལྷང་ལྷང་དུ་གྲགས་ཤིང་། བསང་སྤོས་ཀྱི་དུ་སྤྲིན་ལྟ་བུ་འཕྱུར་བ་དང་། དུང་དཀར་གཡས་འཁྱིལ་གྱི་སྒྲ་དབྱངས་རྣ་ལ་སྙན་པ། དར་ལྕོག་ལྷབ་ལྷུབ་ཏུ་གཡོ་བ་དང་། ངོ་མཚར་ཆེ་ལ་སྤྲོ་སེམས་འཁོལ་བའི་ངང་ནས་ཉི་འོད་ཀྱི་འོག་ཏུ་མི་རྣམས་ཀྱིས་ལྟ་འདོད་ཆེ་བཞིན་འདུག་པ་རེད།
དེའི་རྗེས་སུ་སྐྱེས་པ་ཚོས་རང་གི་སྙིང་རྗེ་པའི་སྐྱོན་རྟ་བཞོན་ནས་གཞི་བདག་ཞལ་དཀར་བཀྲ་ཤིས་དཔལ་ལྡན་ལ་སྐོར་ར་ཐེངས་གཅིག་བརྒྱབ་པ་དང་། ལྟད་མོར་ལྟ་བར་ཡོང་པའི་མང་ ཚོགས་ཚོས་སྐད་གསང་མཐོན་པོས་ཤུགས་རྒྱག་ནས་རྒྱུག་མཐའི་ཐིག་ལ་གདོང་མཆོང་པ་དང་། རྟ་པ་ཁ་ཤས་ལ་མིང་རིམ་ཐོབ་པ། ཁ་ཤས་ལ་མིང་རིམ་མ་ཐོབ་མོད། འོན་ཀྱང་ཚང་མ་ཐུགས་སྤྲོ་ཧ་ཅང་བྱུང་བ་རེད། དེ་ནས་རྟ་པ་རྣམས་ཀྱིས་རླུང་དར་ལྷབ་ལྷུབ་ཏུ་གཡོ་བའི་བཙས་སྤུང་ལ་ཐེངས་གསུམ་སྐོར་བ་བྱས་ནས་གཞི་བདག་ལ་གུས་བཀུར་བླ་མེད་བྱེད་པ་དང་། དུས་བདེའི་སྨོན་ལམ་ཐམས་ཅད་མངོན་པ་རེད། རྟ་ནི་བོད་པ་ཚོའི་མི་ཚེ་གཅིག་གི་ཤ་ཆགས་པའི་གྲོགས་པོ་ཞིག་ཡིན་པ་རེད། དགུང་ལོ་70 ལྷག་ཙམ་ལ་སླེབས་པའི་ཕུན་ཚོགས་ནི་རི་སྐྱབས་རྟ་རྒྱུག་གི་ཆོས་ལུགས་བྱེད་སྒོ་གཙོ་སྐྱོང་བྱེད་མཁན་གཙོ་བོ་གྲས་ཤིག་ཡིན། ཁོང་གིས་རྟ་ལ་སྐྱབས་པ་ནི་དུས་ཆེན་འདིའི་ནང་དོན་གཙོ་བོ་དེ་ཡིན་ལ། རྟ་དང་མིའི་རིགས་གཉིས་ཀྱིས་འབྲེལ་འདྲིས་ཡོད་པ་ནས་བཟུང་། རྟས་མིའི་རིགས་ལ་དཀའ་ལས་སེལ་པས་མྱི་ཟུར་བོད་མི་རྣམས་ཀྱིས་རྟ་ལ་ཐུགས་རྗེ་ཆེ་ཞུ་བའི་ཆེད་དུ་རྟ་དང་གཞི་བདག་གཉིས་དུས་གཅིག་ཏུ་མཆོད་པ་རེད་བཅས་ཟེར་བྱུང་།
ཐུན་མོང་གིས་མཆོད་འབུལ་གྱི་བྱེད་སྒོ་རྗེས་སུ། གྲོང་མི་རྣམས་ལྷན་དུ་འཛོམས་ཤིང་གྲལ་བསྒྲིག་ནས་དགུང་ཟས་ཟ་བ་དང་། དགའ་སྤྲོའི་དགོད་སྒྲས་གཞི་བདག་རྩར་ཁེངས་པ་རེད།
སྤྲོ་སྣང་གིས་དགུང་ཟས་མཇུག་བསྒྲིལ་ཞིང་། དེ་རྗེས་གནའ་བོའི་བབ་ཆགས་པའི་སྐོར་བྲོ་འཁྲབ་པ་སྟེ། ཕྱོགས་གཅིག་ནི་བུད་མེད་གྲལ་ལངས་ཡོད་པ་དང་། ཕྱོགས་གཞན་ཞིག་ནི་སྐྱེས་པ་གྲལ་ལངས་ཡོད། རང་བྱུང་གིས་སྡེབ་སྒྲིག་ནས་སྐོར་ར་གཅིག་བརྒྱབ་སྟེ། གླུ་སྐད་ལས་ལྕི་པོ་དང་། གར་འགྲོས་དལ་ཞིང་ཛ་དྲག་ཏུ་སོང་བས། དེས་མཐུན་སྒྲིལ་དང་འཆམ་མཐུན་མངོན་པ་རེད།ཡང་བསྐྱར་དུས་ཆེན་གྱི་བྱེད་སྒོའི་ཚ་རླབས་ཤིག་འཕྱུར་བ་དང་། སྤྲོ་སེམས་འཁོལ་བའི་རྣམ་པ་སྔར་ལས་ཇེ་འཁྲུག་ཏུ་གྱུར་བ་རེད།
ས་གནས་དེ་གའི་རྒན་པ་རྣམས་དེ་བས་དུས་ཆེན་དུ་ཞུགས་རྒྱུར་དགའ་ཞིང་། དེ་ནི་ཁོང་ཚོས་སྲོལ་རྒྱུན་རིག་གནས་ལ་རྒྱུན་འཛིན་དང་འགན་འཁྲི་བྱེད་པ་མཚོན་པ་རེད། དུས་ཆེན་གྱི་བྱེད་སྒོའི་ནང་ཞུགས་པའི་རྒན་རྒོན་དོན་གྲུབ་ནི་དགུང་ལོ་80ལ་ཉེ་ཡང་། གཟུགས་པོ་ད་དུང་མཁྲང་ཐང་པས་དུས་ཆེན་གྱི་བྱེད་སྒོ་ཁག་རང་འགུལ་ངང་ཞུགས་ཡོད་པ་རེད། ཁོང་གིས་གནའ་ནས་ད་བར་མྱི་ཟུར་བོད་མི་རྣམས་ཟབ་པའི་རི་ཁྲོད་ནང་སྡོད་ཡོད་པས་གདོད་མའི་ནགས་ཚལ་དེ་ནི་ཁོ་ཚོའི་ཁང་པ་དང་འདྲ་ཞིང་། རང་བྱུང་ཁམས་ལ་ཧ་ཅང་གཅེས་སྤྲས་བྱེད་སྲོལ་ཡོད་པ་སྟེ། དུས་ཆེན་གྱི་བྱེད་སྒོ་དེ་ནི་རིག་གནས་རྒྱུན་འཛིན་བྱེད་སྟངས་ཤིག་ཡིན་པ་དང་། གནའ་བོའི་གྲོང་ཚོ་དེའི་ནང་རང་བྱུང་ཁམས་གྱི་ངུ་སྐད་ཐོས་མ་མྱོང་ཞིང་། གནའ་བོའི་གྲོང་ཚོ་དེར་སྔར་བཞིན་རི་ཀླུང་དང་དྭངས་གཙང་གི་ཆུ་བོ་དེ་ནི་རང་བྱུང་ཁམས་གྱི་རྒྱན་ཆས་ཤིག་རེད། དེ་རིང་དགའ་སྟོན་རྟེན་འབྲེལ་ཞུས་པའི་དུས་ཆེན་ནི་དེ་བས་གལ་ཆེ་བ་ཞིག་ཡིན། དེ་ཡང་སྐྱེ་ཁམས་དང་འབྲེལ་ནས་རིག་གནས་རྒྱུན་འཛིན་བྱས་ཡོད་པ་དང་། དུས་ཆེན་གཏོང་ནས་རིག་གནས་ལ་རྒྱུན་འཛིན་པ་དང་དར་སྤེལ་བྱེད་པ་ཡིན་བཅས་ཟེར་བྱུང་།
དུས་ཆེན་དེ་ནི་གཞོན་པའང་ཆེས་དགའ་བའི་དུས་ཆེན་ཞིག་ཡིན་ཏེ། ཚེས26ཉིན་ཡུན་ནན་དང་སི་ཁྲོན་འབྲེལ་མཚམས་ཁུལ་ནས་ཆེད་དུ་ཡོང་བའི་ཕྱུགས་རྫི་བསོད་ནམས་ཀྱང་ཚེས་27ཉིན་གྱི་དུས་ཆེན་གྱི་བྱེད་སྒོར་དུས་ཐོག་ཏུ་ཞུགས་པ་རེད། ཁོང་གིས་ཁོ་ནི་འབྲོག་ར་ཕྱུགས་འཚོ་མཁན་ཞིག་ཡིན། ཕ་དང་ཨ་མེས་གཉིས་རང་གི་ཁྱིམ་དུ་ལོ་ཏོག་བཏབ་ཡོད། བྱ་བ་ཚང་མར་སྣོད་བཅུད་ཁོར་ཡུག་དང་གནམ་གཤིས་ཆ་རྐྱེན་བཟང་པོ་ཞིག་ལ་རྟེན་དགོས་པ་རེད། དེའི་ཕྱིར་རང་བྱུང་ཁམས་ལ་མིག་ལྟ་བུའི་སྙིང་རྗེ་ཤ་ཚ་བྱེད་དགོས་པ་རེད། དེ་མ་ཚད་ལྷ་དང་ལག་ལེན་ཟུང་འབྲེལ་གྱི་རིག་གནས་འདུ་ཤེས་དང་། མི་དང་རང་བྱུང་འཆམ་མཐུན་གྱི་དགོས་འདོད་ལ་ལྡབ་འགྱུར་གྱིས་གཅེས་སྤྲས་བྱེད་དགོས་རེད་བཅས་ཟེར་བྱུང་།