རྩོམ་པ་པོ།   མི་གསལ།   ཡིག་བསྒྱུར།       དུས་ཚོད།   2017-04-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
རྡོ་རྔ་རོང་གྲོང་རྡལ་ནི་གྲགས་ཆེ་བའི་འབྲི་ཆུའི་ཁུག་སོ་དང་པོའི་གནས་ཡུལ་ཡིན་པ་དང་།ཇ་རྟ་ཚོང་ལམ་གྱི་འགྲུལ་ལམ་གནད་ཆེ་བ་དང་།འབྲི་ཆུ་སྟོད་མའི་ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ་གཙོ་བོ་ཞིག་ཀྱང་ཡིན། 1977ལོར་དེ་ལ་དམར་དམག་གིས་འབྲི་ཆུ་འཕྲེད་བརྒལ་དྲན་གསོའི་རྡོ་རིང་བཙུགས་པ། 1999ལོར་ལྷུ་ལག་ཆ་ཚང་སྒྲིག་པའི་ངང་འབྲི་ཆུ་དྲོད་པོ་ཞེས་པ་དེ་བརྗོད་བྱ་གཙོ་བོར་བཞག་པའི་དམར་དམག་གིས་འབྲི་ཆུ་འཕྲེད་བརྒལ་གྱི་འཇིམ་རྐོས་བཟོས་བ། 1983ལོར། དྲན་གསོའི་རྡོ་རིང་དང་དངོས་མང་བཤམས་སྟོན་ཁང་ཡུན་ནན་གྱི་ཞིང་ཆེན་རིམ་པའི་གནད་ཆེ་བའི་རིག་རྫས་སྲུང་སྐྱོང་ལས་ཁུངས་སུ་བཀོད་པ་དང་།1997ལོར།རྡོ་རྔ་རོང་རྒྱལ་གཅེས་རིང་ལུགས་སློབ་གསོའི་གནས་གཞིར་བཀོད་པ་རེད།
འབྲི་ཆུའི་ཁུག་སོ་དང་པོ་གྲགས་ཆེའི་རྡོ་རྔ་འགྲམ་དུ་གནས་པ།རྡོ་རྔ་རོང་གྲོང་རྡལ་དུ་རྔའི་གཟུགས་དབྱིབས་དང་ཀུན་ནས་མཚུངས་པའི་རྡོ་རིང་ཡོད་པས་མིང་དེ་ཐོབ་པ་རེད།རྡོ་རིང་དེའི་ཚངས་ཐིག་སྨི1.5དང་།མཐུག་ཚད་སྨི0.7ཡོད་པ།དེ་ནི་ས་ཐང་གིས་མཐོང་བའི་དུས་རབས་ཆེས་སྔ་བའི་རྡོ་རིང་ཞིག་ཡིན།