བྱི་རིལ་གྱིས་ཕྲུ་གུའི་སོ་ལ་མི་གནོད་པ་བྱེད་ཐབས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-14   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

ཕྲུ་གུའི་སོ་ལ་བདག་གཅེས་བྱེད་ཐབས།

    སྤྱིར་ན་ཕྲུ་གུ་ཐམས་ཅད་མངར་ཆ་ཟ་རྒྱུར་དགའ་བས།ཁྱིམ་བདག་ཚོས་ཕྲུ་གུའི་སོ་ལ་སྲུང་སྐྱོང་བྱ་ཆེད།ཕྲུ་གུ་བྱི་རིལ་ཟ་རྒྱུར་ཚོད་འཛིན་ནན་པོ་བྱེད་ཀྱི་ཡོད།དོན་དངོས་ཐོགམངར་ཟས་ཀྱིས་སོ་ལ་ཐད་ཀར་གནོད་པ་མ་ཡིན་པར་མངར་ཆ་ཟས་རྗེས་སོའི་བར་དུ་ལུས་པའི་མངར་རོ་དེ་དག་ལ་འབུ་ཕྲའི་ནུས་པ་ཐོན་ཏེ་བསྐྱུར་རྩིར་གྱུར་ནས་སོ་ལ་རུལ་སྐྱོན་གཏོང་གི་ཡོད།

དེར་བརྟེན་བྱི་རིལ་ཟས་རྗེས་ཕྲུ་གུར་ཁ་ཆུ་བཤལ་གཏོང་དུ་འཇུག་དགོས་པ་དང་ཁ་ཆུ་བཤལ་གཏོང་མི་ཤེས་པའི་ཕྲུ་གུ་ཆུང་ཆུང་ཡིན་ན་བྱི་རིལ་ཟས་རྗེས་ཆུ་ཉུང་ཙམ་འཐུང་དུ་འཇུག་པའམ་ཡང་ན་བཟའ་བཅའི་རིགས་གཞན་ཕྲན་བུ་བསྟེར་ནས་སོའི་བར་དུ་ལུས་པའི་མངར་རོ་གཙང་མ་བཟོ་ཐབས་བྱེད་དགོས།གལ་ཆེ་ཤོས་ནི་ཕྲུ་གུའི་ཁའི་ནང་མངར་ཆའི་རིགས་ཉར་ནས་གཉིད་ཁུག་ཏུ་རྩ་བ་ནས་འཇུག་མི་རུང་།