《དྲི་མེད་ཀུན་ལྡན།》རིག་གནས་པུའུ་ཡི་ལས་གཞིར་ཚུད་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-14   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།


ཉེ་ལམ་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན།རྔ་བ་ཁུལ་འཛམ་ཐང་རྫོང་གིས་སྙན་ཞུ་ཕུལ་བའི་བོད་ཀྱི་ཟློས་གར《དྲི་མེད་ཀུན་ལྡན།》བདེ་བླག་ངང་སྤྱི་ལོ་2016ལོའི་རིག་གནས་པུའུ་ཡི་འཁྲབ་གཞུང་ཆེན་མོའི་ལས་གཞིར་ཚུད།མིག་སྔར་ཀྲུང་གོ་སྒྱུ་རྩལ་ཞིབ་འཇུག་ཁང་དང་སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གཉིས་ལ་ལས་གཞིའི་རོགས་དངུལ་གྱི་གྲོས་མཐུན་ཡི་གེར་མིང་རྟགས་བཀོད་བཞིན་ཡོད་པ་རེད། 
    འདི་ནི་རིག་གནས་པུའུ་ཡིས་ཟློས་གར་ཁེ་ལས་ཀྱི་འཁྲབ་གཞུང་གསར་རྩོམ་ལ་རོགས་སྐྱོར་བྱས་ཏེ་ཟློས་གར་འཁྲབ་གཞུང་གི་གསར་རྩོམ་སྔོག་འདོན་དང་གསོ་སྐྱོང་།ཟློས་གར་སྒྱུ་རྩལ་གྱི་ཐོན་སྐྱེད་ཆུ་ཚད་མཐོར་འདེགས་སུ་བཏང་ནས་རྒྱུན་ཆད་མེད་པར་ཕུལ་བྱུང་ཟློར་གར་ཕབ་བསྐྲུན་བྱེད་པར་དམིགས་པའི་ལས་གཞི་ཞིག་ཡིན།