རྒྱལ་མོ་རྔུལ་ཆུ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


 

    རྒྱལ་མོ་རྔུལ་ཆུ་ནི་མདོ་དབུས་མཐོ་སྒང་གི་གཙང་ལག་ཅིག་སྟེ། སྟོད་རྒྱུད་ཀྱི་ནག་ཆུ། ཤག་ཆུ། སོག་ཆུ་བཅས་འདྲེས་ཏེ་གདང་ལ་རི་རྒྱུད་ཀྱི་ནུབ་ངོས་ནས་བྱུང་ཞིང་། དེ་ཉིད་ཆུ་ཕྲན་མང་པོ་འདུས་རྗེས་རིམ་གྱིས་བོད་རང་སྐྱོང་ལྗོངས་ཀྱི་འབྲུ་རུ་རྫོང་ཁུལ་དུ་ནག་ཆུ་དང་སོག་ཆུ་འདྲེས་རྗེས་རྒྱལ་མོ་རྔུལ་ཆུ་ཞེས་འབོད། ཆུ་འདིའི་སྟོད་རྒྱུད་ཀྱི་ཆུ་ལག་གྲས་ཆེ་ཤོས་ནི། ནག་ཆུ་དང་སོག་ཆུ་གཉིས་ཡིན་ཞིང་། མཐར་གཅིག་གཅིག་ཏུ་འདྲེས་པ་ལ་རྒྱལ་མོ་རྔུལ་ཆུ་ཞེས་གྲགས།

     དེ་ནས་དཀར་ཤོད་དང་། རྒྱལ་ཤོད། རེ་ཤོད་བཅས་ཀྱི་ཆུ་དང་འདྲེས་ནས་ཆབ་མདོའི་ས་ཁུལ། དཔལ་འབར་གྱི་བྱང་དང་། སྟེང་ཆེན་གྱི་ལྷོ། ལྷོ་རོང་དཔལ་ཤོད་ཀྱི་དཀྱིལ། མཛོ་སྒང་གི་ནུབ། རྫ་ཡུལ་གྱི་ཤར་བཅས་ནས་ཡུན་ནན་ཞིང་ཆེན་བརྒྱུད་དེ་རྒྱལ་མཚམས་ཀྱི་ཕྱི་རོལ་ཏུ་འབབ་པའི་མིང་ལ་སར་ཝུན་གཙང་པོ་ཞེས་འབོད། འབར་མ་རྒྱལ་ཁབ་ནས་ཧིན་རྡུ་རྒྱ་མཚོ་ཆེན་པོར་འབབ་པ་དང་། ནག་ཆུའི་ལོ་རྒྱུས་ལས་ཀྱང་རྒྱལ་མོ་རྔུལ་ཆུའི་སྟོད་རང་ཁུལ་ནས་འབབ་པ། དེའི་ཆུ་མགོ་ཨ་མདོའི་མཚོ་ནག་ལ་ཐུག་ཡོད་ཟེར།
        རྒྱལ་མོ་རྔུལ་ཆུའི་རིང་ཚད་ལ་སྤྱི་ལེ3240དང་།  སྤྱིའི་འབབ་ཡུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི32.5ཡོད་པ་དང་། སྤྱིའི་རྒྱུག་ཚད་ལ་སྨི་གྲུ་བཞི་ལྷམ་པ་དུང་ཕྱུར700ཙམ་ཡོད་པ་རེད།