གནས་མཆོག་ཁ་བ་དཀར་པོ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།   


    གནས་མཆོག་ཁ་བ་དཀར་པོ་ནི་བདེ་ཆེན་ཁུལ་འཇོལ་རྫོང་གི་ཁོངས་སུ་མངའ་ཞིང་། རྒྱལ་མོ་རྔུལ་ཆུ་དང་། རྫ་ཆུ། འབྲི་ཆུ་བཅས་ཆུ་བོ་ཆེན་པོ་གསུམ་གཤིབ་ནས་འབབ་པའི་ཡུལ་ཕུན་སུམ་ཚོགས་པ་དེ་རུ་བརྗིད་ཆགས་པར་མངོན།དེའི་མཐོ་ཚད་ནི་རྒྱ་མཚོའི་ངོས་ལས་སྨི6740ཡོད་ལ། ཡུན་ནན་ཞིང་ཆེན་གྱི་ཁོངས་སུ་ཆེས་མཐོ་བའི་གངས་རི་ཁྱད་དུ་འཕགས་པ་ཞིག་ཡིན །