ཟླ་མཆོད་དུས་ཆེན་གྱི་སྐབས་སུ་བདེ་ཆེན་ཁུལ་གྱིས་ཡུལ་སྐོར་བ་ཁྲི12བསུས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    ཟླ་མཆོད་དུས་ཆེན་གྱི་སྐབས་སུ།(ཟླ9པའི་ཚེས6ནས་ཚེས8ཉིན་བར།)བདེ་ཆེན་ཁུལ་གྱིས་ཡུལ་སྐོར་བ་ཁྲི12.42བསུས་པ་དང་། དུས་མཚུངས་ལས26%འཕར་ཡོད་པ་རེད།
ད་ལོའི་ཚུན་དུ།རང་ཁུལ་གྱིས“བདེ་ཆེན་འདི་ཉིད་སྐྱེ་ཁམས་ཆེས་ལེགས་པ་དང་ཁོར་ཡུག་ཆེས་མཛེས་པ། འཆམ་མཐུན་འཕེལ་རྒྱས་དང་ཚོང་རྟགས་ཡུན་བརྟན་གྱི་འཛམ་གླིང་ཅན་གྱི་སྐྱེ་ཁམས་ཡུལ་སྐོར་ཁུལ་དང་ཀྲུང་གོའི་བོད་ཁུལ་ཆེས་ཁྱད་ལྡན་གྱི་རྒྱལ་སྤྱིའི་ཡུལ་སྐོར་གནས་མཆོག་བསྐྲུན་པའི”ཐབས་ལམ་གཞིར་བཟུང་། ཤུགས་ཡོངས་བཏོན་ནས་ཡུལ་སྐོར་ཁྲོམ་ར་གསར་འབྱེད་བྱས་པ་དང་གལ་ཆེའི་རྣམ་གྲངས་ལ་སྐུལ་འདེད་བྱས་པས། ཁུལ་ཡོངས་ཀྱི་ཡུལ་སྐོར་དཔལ་འབྱོར་བརྟན་བརླིང་ངང་འཕར་བ་རེད། མིག་སྔར། བདེ་ཆེན་ཁུལ་དུ་ཉིན་རེར་སྣེ་ལེན་བྱས་པའི་ཡུལ་སྐོར་བ་མི་ཁྲི4.5ལ་ཐོན་ཡོད་པ་རེད།
དུས་མཚུངས་སུ་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་བདེ་འཇགས་ཐོན་སྐྱེད་འོས་འགན་ལམ་ལུགས་གཏན་འབེབས་དང་ལེགས་བཅོས་བྱས། མིག་སྔའི་བར་དུ། ཁུལ་ཡོངས་སུ་ཡུལ་སྐོར་བདེ་འཇགས་ཀྱི་དོན་རྐྱེན་ཆེན་པོ་གཅིག་ཀྱང་བྱུང་མེད་པས། ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་གཟེངས་བསྟོད་ཐོབ་པ་རེད།