པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་ཆེས་ལེགས་པའི་ཡུལ་སྐོར་དུས་ཚིགས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་དུ་དུས་ཚིགས་བཞི་བོར་ཡུལ་སྐོར་བྱས་ཆོག་ཅིང་། དུས་ཚིགས་རེ་རེའི་ཡུལ་ལྗོངས་ལ་རང་རང་གི་ཁྱད་ཆོས་དང་མཛེས་ལྗོངས་མི་མཐུན་པ་རེ་ཡོད། དཔྱིད་ཀྱི་དུས་སུ་སྣ་བརྒྱའི་མེ་ཏོག་བཞད་པའི་ས་མཐོའི་སྤང་ཐང་དང་། ག་ས་གང་དུ་ཁྱབ་པའི་སྟག་མའི་མེ་ཏོག་གི་མཛེས་སྡུག གཞན་ཡང་སྟག་མའི་མེ་ཏོག་གིས་ཉ་མོ་བཟི་བ་ལྟ་བུའི་སྣང་བརྙན་སྟོང་གི་མཛེས་ལྗོངས་ལ་ལ་བལྟས་ཆོག དབྱར་གྱི་དུས་སུ་ས་གཞི་ཡོངས་ནི་སྔོ་ལྗང་ངེར་ལྟ་ན་སྡུག་ཅིང་། ཚ་གདུང་སེལ་ཞིང་བསིལ་བའི་ནམ་ཟླ་ལོངས་སུ་སྤྱད་པ་མ་ཟད། མེ་ཏོག་གི་བཀྲག་མདངས་འཚེར་བའི་རྩྭ་ཐང་ལ་ལྟད་མོ་བལྟས་ཆོག སྟོན་གྱི་དུས་སུ་ཁ་དོག་རྣམ་པར་བཀྲ་བའི་ཚང་ཚིང་ནགས་ཚལ་གྱི་ཁྱོན་ལ་ལྟད་མོ་བལྟས་ཆོག དགུན་གྱི་དུས་སུ་ཁ་བ་ལྷབ་ལྷུབ་འབབ་པའི་ཁྲོད་ནས་གཞན་དང་མཛེས་ཉམས་མི་གཅིག་པའི་མཚོ་མོ་ལ་བལྟས་ཆོག

འགྲིམ་འགྲུལ་གྱི་ཕྱོགས་སུ། སེམས་ཀྱི་ཉི་ཟླའི་མགྲོན་སྐྱེལ་འབབ་ཚིགས་ནས་པོ་ཏ་མཚོའི་བར་ལ་ཉིན་རེར་འགྲུལ་སྐྱེལ་རླངས་འཁོར་ཐེངས་གཅིག་རེ་གཏོང་བཞིན་ཡོད་པ་དང་། ལམ་ཚད་གཅིག་གི་རིན་གོང་སྒོར15ཡིན། རླངས་འཁོར་གྱིས་བགྲོད་ཚད་དུད་ཚོད་ཕྱེད་ཀ་ཡས་མས་ཡིན། ཞོགས་པའི་ཆུ་ཚོད9དང་ཕྱེད་ཀའི་ཐོག་ནས་རླངས་འཁོར་བསྐྱོད་འགོ་རྩོམ་པ་དང་། ཕྱི་དྲོའི་ཆུ་ཚོད3ཐོག་ཕྱིར་ལམ་ལ་ཆས་པ་ཡིན།

གནས་སྐོར་བ་སྒེར་འཁོར་ལ་བསྡད་ནས་པོ་ཏ་མཚོ་ལྗོངས་ཁུལ་དུ་སོང་ཆོག་ལ། ལམ་གྱི་གནས་ཚུལ་ཅུང་བཟང་ཞིང་། སྤྱིར་བཏང་གི་གླ་གཏོང་རླངས་འཁོར་ཡང་དེར་བགྲོད་ཆོག་པ་ཡིན། སྤྱིར་བཏང་དུ་གླ་གཏོང་རླངས་འཁོར་གྱི་རིན་གོང་ནི་ཉིན་གཅིག་ལ་སྒོར180ཡིན། རྡོ་མཁར་རྫོང་གི་ལམ་གྱི་གཡས་གཡོན་གང་རུང་དུ། རྒྱུན་པར་སིལ་མགྲོན་རྣམས་གཞོགས་གཅིག་ཏུ་བསྡད་ནས་པོ་ཏ་མཚོའི་ཕྱོགས་སུ་འགྲོ་བའི་རླངས་འཁོར་ཆུང་བ་ཡོད་ལ། སྤྱིར་བཏང་གི་རིན་གོང་ནི་ཕལ་ཆེར་མི་རེ་ལ་སྒོར55ཡིན། གླ་གཏོང་རླངས་འཁོར་ཡང་བསྡད་ཆོག་པ་དང་། སྤྱིར་བཏང་དུ་ཐེངས་གཅིག་གི་བསྐྱོད་ཚད་ཀྱི་རིན་གོང་ནི་སྒོར80ཡིན། འགྲོ་འོང་གཉིས་ལ་སྒོར150དགོས། ཡིན་ཡང་། པོ་ཏ་མཚོ་ལྗོངས་ཁུལ་དུ་འགྲོ་དུས་རབ་ཡིན་ན་ཁ་ལོ་བ་དང་ཁ་ཆད་བྱས་ཏེ་ཕར་འགྲོ་བའི་དུས་ཚོད་དང་ཕྱི་དྲོར་ཕྱིར་ལོག་དུས་ཀྱི་དུས་ཚོད་གཏན་འཁེལ་བྱེད་དགོས་ལ། དེར་མ་ཟད་ད་དུང་ཁ་ལོ་བའི་ལག་ཁྱེར་ཁ་པར་གྱི་ཨང་གྲངས་རང་གི་ཁ་པར་བྱང་བུའི་ནང་གསོག་ཉར་བྱེད་དགོས། དེ་མིན་ཕྱིར་ལོག་དུས་རླངས་འཁོར་བཙལ་ནས་མི་རྙེད་པའང་འབྱུང་སྲིད།

གྲུ་བསྡད་ནས་མཚོ་སྐོར་བྱས་ཆོག་པ། བེ་མཐའ་མཚོ་ན་གནས་སྐོར་གྲུ་གཟིངས་ཡོད་ཅིང་། གྲུ་ལ་བསྡད་དེ་མཚོ་བསྐོར་གྱི་ལྟད་མོ་བལྟས་ཆོག་པ་རེད། གྲུ་གླ་བའི་རིན་གོང་ནི་སྒོར30ཡས་མས་ཡིན།