འབའ་ལྷ་དཀར་རྫོང་ལ་ཉིན་ལྔའི་གནས་སྐོར་བྱེད་པའི་མཚམས་སྦྱོར།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།   


    ཉིན་ལྔའི་གནས་སྐོར།

ནའེ་ཏང་འབྲོག་ར་དང་ཉི་འོད་གྲོག་རོང་དུ་རྐང་ཐང་ལ་ལྗོངས་རྒྱུ་བ།

ཁྱད་ཆོས། ནའེ་ཏང་འབྲོག་རའི་ཡུལ་ལྗོངས་ལ་ལོངས་སྤྱོད་བྱེད་ཐུབ་པ་དང་།ད་དུང་ལམ་རྒྱུད་དུ་གངས་རི་དང་འཁྱགས་ཀླུང་།རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4000ཡན་ཟིན་པའི་མཐོ་སྒང་གི་མཚོ་མང་པོ་ཡང་སྤྱན་གཟིགས་ཐུབ་རྒྱུ་རེད།

འགྲོ་ལམ།

ཉིན་དང་པོར་ཧྲུའེ་ཀྲོན་ནས་འཁོར་ལོར་བསྡད་དེ་འབའ་ལྷ་གྲོང་སྡེར་ཕེབས་པ།འབའ་ལྷ་གྲོང་སྡེ་ནས་རྐང་ཐང་ནའེ་ཏང་འབྲོག་རར་ཕེབས་པ་དང་།དེར་ཞག་བཞུགས་པ།

ཉིན་གཉིས་པ་དང་།ཉིན་གསུམ་པ།ཉིན་བཞི་པའི་བར་ལམ་རྒྱུད་ཀྱི་ལྗོངས་ཁུལ་ལ་ལྟ་སྐོར་བྱས་ནས་ཞག་སྡོད་པ།

ཉིན་ལྔ་པར་སི་ཁྲོན་ཉི་འོད་གྲོག་རོང་དུ་ཕེབས་རྒྱུ།

དོ་སྣང་བྱེད་དགོས་པའི་དོན་ཚན།གངས་རི་ལ་འཛེགས་མི་ཆོག དམིགས་འཛུགས་ས་གནས་སུ་སྒར་ཕུབ་པ་དང་པར་བླངས་པ། མེ་འགོག་བཅས་ལ་དོ་སྣང་བྱེད་དགོས།ཁོར་ཡུག་གི་གཙང་སྦྲ་ལ་སྲུང་སྐྱོང་བྱེད་དགོས།བདེ་འཇགས་ཆིངས་ཡིག་བཞག་དགོས།