དཔྱིད་གསར་དུས་ཆེན་དུ་རང་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་42.78སྣེ་ལེན་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་(ཟླ་1པོའི་ཚེས་27ཉིན་ནས་ཟླ་2པའི་ཚེས་2ཉིན)དུ།རང་ཁུལ་གྱིས་ཡུལ་སྐོར་བ་ཁྱོན་བསྡོམས་མི་ཐེངས་ཁྲི་42.78སྣེ་ལེན་བྱས་པ་དང་།སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་2.514ཟིན་ཏེ།ན་ནིང་གི་དུས་མཉམ་ལས་43.9%འཕར་བ།དེའི་ནང་།པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་ཡུལ་སྐོར་བ་མི་ཐེངས་24192སྣེ་ལེན་བྱས་ཏེ།ན་ནིང་གི་དུས་མཉམ་ལས་49.8%འཕར་བ།སྟག་མཆོང་གྲོག་རོང་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་43299སྣེ་ལེན་བྱས་ཏེ།ན་ནིང་གི་དུས་མཉམ་ལས་33.6%འཕར་བ།ནགས་ཕག་མཚོ་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་13784སྣེ་ལེན་བྱས་ཏེ།ན་ནིང་གི་དུས་མཉམ་ལས་37.1%འཕར་བ།སུམ་རྩེན་གླིང་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་མི་ཐེངས་12670སྣེ་ལེན་བྱས་ཏེ།ན་ནིང་གི་དུས་མཉམ་ལས་56.1%འཕར་བ།ཤྭ་ཁ་གངས་རིས་ཡུལ་སྐོར་བ་མི་ཐེངས་8491སྣེ་ལེན་བྱས་ཏེ།ན་ནིང་གི་དུས་མཉམ་ལས་49.8%འཕར་བ་རེད།

        ལོ་གསར་གྱི་སྐབས།རང་ཁུལ་གྱི་སེམས་ཀྱི་ཉི་ཟླའི་རྡོ་མཁར་རྫོང་དང་།པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་།སུམ་རྩེན་གླིང་།སྟག་མཆོང་གྲོང་རོང་སོགས་ལྗོངས་ཁུལ་སོ་སོས་ཡུལ་སྐོར་བ་རྣམ་ལ་དགའ་བསུ་བྱས་པ་དང་།སྒོ་འཛིན་ཡང་20%མར་ཆག་པ།དུས་མཚུངས་སུ།རང་ཁུལ་གྱི་ཡུལ་སྐོར་སྡེ་ཁག་གིས་ཡུལ་སྐོར་གྱི་ཞབས་ཞུ་ལེགས་སུ་བཏང་བ་དང་ཚོང་རའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས།ཡུལ་སྐོར་ཚོང་རའི་བདེ་འཇགས་ལ་ཁག་ཐེག་བྱས་པ་རེད།