ཞིང་པའི་ཁེ་ལས་པ་བསོད་ནམས་དོན་གྲུབ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    བསོད་ནམས་དོན་གྲུབ་ནི་སེམས་ཀྱི་ཉི་ཟླའི་གྲོག་རོང་ཆེན་མོ་འབའ་ལྷག་དཀར་རྫོང་གི་ཡུལ་མི་ཞིག་ཡིན།1999ལོར་བསོད་ནམས་དོན་གྲུབ་ཀྱིས་ཕ་ཡུལ་གྱི་རིག་གནས་དང་ཁྱད་ཆོས་ལ་གཞིགས་ནས། འབའ་ལྷག་དཀར་རྫོང་སྐྱེ་ཁམས་ཡུལ་སྐོར་གསར་གཏོད་ཚད་ཡོད་ཀུང་སི་བཙུགས་ཏེ། ཕ་ཡུལ་གྱི་རང་བྱུང་ཐོན་ཁུངས་དང་མཛེས་ལྗོངས། ཡུལ་སྐོར་ཐོན་རྫས་སོགས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་ལ་འགྲེམ་སྟོན་བྱེད་པ་དང་། ཡུལ་མི་རྣམས་ཀྱི་ཕྱུག་འགྱུར་ཕུགས་འདོན་མངོན་འགྱུར་བྱུང་བར་རོགས་རམ་བྱས་པ་རེད།
འབའ་ལྷག་དཀར་རྫོང་ནི་གྲོག་རོང་ཆེན་མོའི་ནང་དུ་ཆགས་ཡོད། ཕྱི་ཡུལ་དུ་འགྲོ་བའི་འགྲོ་ལམ་ནི་གྲོག་རོང་གི་རི་གཟར་ཐོག་གི་རྒྱ་སྨི་1ལ་མེད་པའི་མི་རྟའི་འགྲོ་ལམ་དེ་གཅིག་ལས་མེད་པའི་རྐྱེན་གྱིས། རྫོང་མཁར་ལ་འགྲོ་དུས་ཉིན་3ཙམ་སྤྱོད་དགོས་ལ། འགྲིམ་འགྲུལ་སྟབས་བདེ་མེད་པ་དང་གློག་མེད་པས་གྲོང་སྡེའི་དུད་ཁ60ནས14རུ་ཉུང་དུ་སོང་བ་རེད།
  བསོད་ནམས་དོན་གྲུབ་ཀྱིས་ལོ་ན13ལོན་དུས་ཕ་ཡུལ་ནས་ཕྱིར་སོང་སྟེ་ཚོང་རྒྱབ་པའི་དུས་ཡུན་ལོ10ལྷག་རིང་། ཕྱུག་འགྱུར་ཉམས་མྱོང་མང་པོ་གསོག་ཐུབ་པ་དང་ཁེ་བཟང་ཡང་ཐོབ་པ་རེད། ཡང་ན་ཕ་ཡུལ་གྱི་དབུལ་ཕོངས་རྣམ་པ་སྒྱུར་བ་དང་ཡུལ་མི་རྣམས་ཕྱུག་འགྱུར་ལམ་བུར་ཁྲིད་རྒྱུར་དམིགས་ནས། ལོ་35ལོན་དུས་བསོད་ནམས་དོན་གྲུབ་ཀྱིས་རང་ཉིད་ཀྱི་གསོག་དཀའ་བའི་མ་དངུལ་འཁུར་ནས་ཕ་ཡུལ་དུ་ལོག་པ་རེད། 2004ལོར་ཕ་ཡུལ་ནས་ཕྱི་ཕྱོགས་སུ་ཐོན་པའི་སྤྱི་ལེ་35རིང་བའི་གཞུང་ལམ་བཟོ་བའི་ལས་འགོ་ཚུགས་ཏེ། 2008ལོར་འཁོར་ལོ་སྒོ་ཁར་ཡོང་ཐུབ་པ་དང་གློག་ཡོད་པ། ཁ་པར་སྤྱོད་ཐུབ་པ་བཅས་མངོན་འགྱུར་བྱུང་ཞིང་། སྔ་མའི་རྫོང་མཁར་དུ་དུས་ཉིན་3འགྲོ་དགོས་ལ་ད་ལྟར་ཆུ་ཚོད་1.5སྤྱད་ན་སླེབས་ཐུབ་པར་གྱུར་ཡོད། ཁོང་གི་མ་དངུལ་ཚང་མ་ཡང་གཞུང་ལམ་དེ་བཟོ་བར་སྤྱད་པ་རེད།
གཞུང་ལམ་བཟོས་ཚར་རྗེས། བསོད་ནམས་དོན་གྲུབ་ཀྱིས་ཡུལ་མི་རྣམས་ཕྱུག་འགྱུར་ལམ་བུར་ཁྲིད་པ་ལ་ཤུགས་བསྣན་པ། འབའ་ལྷག་དཀར་རྫོང་ལ་མཛེས་སྡུག་ལྡན་ཞིང་བརྗིད་ཆགས་པའི་མཛེས་ལྗོངས་ཡོད་པ་དང་། ཕུན་སུམ་ཚོགས་པོའི་གསེར་གཏེར་དང་དངུལ་གཏེར་ཡང་ཡོད་ལ། བསོད་ནམས་དོན་གྲུབ་ཀྱིས་ཕ་ཡུལ་གྱི་མཛེས་ལྗོངས་དང་རིག་གནས་སོགས་ལ་བརྟེན་ནས་ཡུལ་སྐོར་གསར་གཏོད་བྱེད་རྒྱུ་གཏན་འབེབས་བྱས། ཁོང་གིས་གསེར་གཏེར་དང་དངུལ་གཏེར་གསར་གཏོད་བྱས་ན་མགྱོ གས་པོའི་ངང་ཕྱུག་པོར་འགྱུར་ཐུབ་རྒྱུ་རེད། འོན་ཀྱང་འདི་འདྲ་བྱས་ན་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཆེ་ཙམ་བྱུང་རྒྱུ་རེད་ཅེས་བཤད་བྱུང་།
འབའ་ལྷག་དཀར་རྫོང་སྐྱེ་ཁམས་ཡུལ་སྐོར་གསར་གཏོད་ཚད་ཡོད་ཀུང་སི་བཙུགས་ཏེ། བསོད་ནམས་དོན་གྲུབ་ཀྱིས་རྒྱུན་མཐུད་ངང་ལྗོངས་ཁུལ་དེ་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་སུ་འཛུགས་རྒྱུའི་ཡིག་ཐོག་སྙན་ཞུ་བྱས་ནས། ལམ་ལུགས་ལ་བརྟེན་ནས་ཕ་ཡུལ་གྱི་མཛེས་ལྗོངས་ལ་གནོད་སྐྱོན་མི་བྱུང་བར་ཁག་ཐེག་བྱས་པ་རེད།
འབའ་ལྷག་གྲོང་སྡེའི་ཡུལ་མིའི་འཚོ་བ་ལ་ཁག་ཐེག་བྱེད་ཆེད། བསོད་ནམས་དོན་གྲུབ་ཀྱིས་ཞིང་པའི་བེད་མ་སྤྱད་པར་བཞག་པའི་ས་ཞིང་བོགས་གཡར་བྱས་ནས་སྐྱེ་ཁམས་ཞིང་ལས་གོང་སྤེལ་གཏོང་སྟེ། ལོ་རེར་ཞིང་དུད་རེ་ལ་གླ་ཡོན་སྒོར་ཁྲི་1སྤྲོད་པ་དང་། གྲོང་སྡེའི་ནང་གི་ཁང་པ་རྙིང་པ་བོགས་གཡར་བྱས་ཏེ་ཡུལ་སྐོར་བས་ལྟ་སྐོར་བྱེད་དུ་འཇོག་ཅིང་། ལོ་རེར་གླ་ཡོན་སྒོར་3000ནས5000སྤྲད་པ། ལྗོངས་ཁུལ་གྱི་འགྲོ་ལམ་སྲུང་སྐྱོང་ལས་ཀ་དེ་ས་མཚམས་བགོས་ཏེ་ཡུལ་མི་ལ་འགན་གཙང་བྱས་ནས།ལོ་རེར་ཞིང་དུད་རེ་ལ་སྒོར་7000སྤྲོད་པ་རེད།
བསོད་ནམས་དོན་གྲུབ་ཀྱིས་ད་དུང་གསོ་སྤེལ་ལས་རིགས་གོང་སྤེལ་བྱས་པ། གསོ་སྦྱོང་བྱས་ནས་ཡུལ་མི་འགའ་ལ་མཛེས་ལྗོངས་སུ་ལས་གནས་ཤིག་སྤྱད་དེ། ངལ་རྩོལ་པ་ལྷག་མའི་གནད་དོན་ཐག་གཅོད་བྱས། ད་ལྟར་ཡུལ་མི་160ལྷག་གིས་ལྗོངས་ཁུལ་དུ་ལས་ཀ་བྱེད་ཡོད་ཅིང་། སྔར་མར་ཕྱིར་སྤོས་བའི་ཞིང་དུད་ཀྱིས་ལྗོངས་ཁུལ་གསར་གཏོད་བྱས་ནས་ཡོང་སྤར་བྱུང་བར་མཐོང་སྟེ་ཕྱིར་ལོག་ཡོད། ད་ལྟར་དུད་ཁ་14ནས་32སུ་ཡར་འཕར་ཡོད། ཡུལ་མི་རྣམས་ཀྱི་ཕྱུག་འགྱུར་ཕུགས་འདོན་དེ་བསོད་ནམས་དོན་གྲུབ་ཀྱི་ཡུལ་སྐོར་གསར་གཏོད་ལ་བརྟེན་ནས་མངོན་འགྱུར་བྱུང་ཐུབ་པ་རེད།
ན་ནིང་གི་“8·28”དང་ “8·31”ས་འགུལ་བྱུང་བའི་རྐྱེན་གྱིས་འབའ་ལྷག་དཀར་རྫོང་ལྗོངས་ཁུལ་གྱི་གཞུང་ལམ་དང་གནའ་གྲོང་ལ་གནོད་སྐྱོན་ཆེ་ཙམ་ཐེབས་པ། དཀའ་ངལ་དེར་དམིགས་ནས། བསོད་ནམས་དོན་གྲུབ་ཀྱིས་སྐྲག་མེད་པ། ཁོང་གིས་ཐེངས་འདིའི་དཀའ་ངལ་དེ་གོང་སྤེལ་གཏོང་བའི་གོ་སྐབས་ཤིག་ཏུ་འཛིན་ནས། སྔར་ལས་ལྷག་པར་ལྗོངས་ཁུལ་གྱི་མིང་གྲགས་མཐོ་རུ་གཏོང་བ་ལ་ཤུགས་བསྣན་པ་རེད།
  འབའ་ལྷག་དཀར་རྫོང་ལྗོངས་ཁུལ་ནི་1990ལོར་བཙུགས་པ་དང་། ལོ་བཅུ་ལྷག་རིང་ལ་གོང་སྤེལ་བྱས་ནས་ཡུལ་སྐོར་གྱི་ཞབས་འདེགས་ལྟེ་གནས་དང་། ལྗོངས་ཁུལ་གྱི་གཞུང་ལམ་སོགས་བཙུགས་ཡོད་པ་རེད། འོད་ཀྱང་ཡུལ་སྐོར་ཐོན་རྫས་ཉུང་བ་དང་། བོད་ཀྱི་རིག་གནས་གང་ཐུབ་ཀྱིས་འགྲེམ་སྟོན་བྱེད་མི་ཐུབ་པ་སོགས་ཀྱི་གནད་དོན་ཡོད་ལ། ད་ལོར་འབའ་ལྷག་དཀར་རྫོང་གིས་བོད་ལུགས་མགྲོན་ཁང་ཆེན་མོ་བཙུགས་ནས་ལྗོངས་ཁུལ་གྱི་སྣང་བརྙན་མཐོ་རུ་གཏོང་བ་དང་བོད་ཀྱི་རིག་གནས་འགྲེམ་སྟོན་བྱེད་པ། བོད་རིགས་ཀྱི་སྲོལ་རྒྱུན་འཚོ་བར་ཉམས་ཞིབ་བྱེད་པར་དོན་སྙིང་ཆེན་པོ་ཡོད་པ་རེད།
  ཤེས་གསལ་བྱུང་དོན། འབའ་ལྷག་དཀར་རྫོང་བོད་ལུགས་མགྲོན་ཁང་ཆེན་མོའི་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུབ་བཞི་མ45432ཟིན་པ། མགྲོན་ཁང་གིས་འབའ་ལྷག་དཀར་རྫོང་གྲོག་རོང་ཆེན་མོའི་བོད་ལུགས་ཁྱད་ཆོས་དང་བསྟུན་ནས། སྒྲིག་བཟོའི་ཁྲོད་དུ་བོད་ལུགས་རྒྱུ་ཆ་སྤྱོད་ཡོད། མགྲོན་ཁང་ལ་ཁང་མིག་ཁྱོན་བསྡོམས་300ཡོད་དེ། ངལ་གསོ་དང་། རོལ་རྩེད། ཚོང་དོན་བཅས་གཅིག་བསྡུས་བྱས་ནས་མགྲོན་པོ་ལ་ཡུལ་སྐོར་གཏོང་ཡུལ་ལེགས་པོ་ཞིག་མཁོ་སྤྲོད་བྱེད་རྒྱུ་རེད། མིག་སྔར། མགྲོན་ཁང་གི་འཛུགས་སྐྲུན་གཞི་རྩར་ལེགས་འགྲུབ་བྱུང་ཞིང་། གྱང་ནང་གི་འཛུགས་སྐྲུན་བྱེད་བཞིན་ཡོད་པ་རེད།
  ས་འགུལ་གྱི་གནོད་སྐྱོན་ཐེབས་པའི་གཞུང་ལམ་སྔོན་རྩིས་བྱས་ན་ལོ་མཇུག་ཏུ་ལེགས་འགྲུབ་བྱུང་ཐུབ་རྒྱུ་རེད།