ཡུན་ནན་ཞིང་ཆེན་སྐབས་བཅུ་གཉིས་པའི་དམངས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་འགོ་ཚུགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


       སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་1པོའི་ཚེས་16ཉིན།ཡུན་ནན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པ་ཁུན་མིང་ཡུན་ནན་ཧའེ་ཀེང་ཚོགས་ཁང་ནས་འགོ་ཚུགས་པ་རེད།

       ཐེངས་འདིའི་གྲོས་ཚོགས་ཐོག་འཐུས་མི་628འབྱོར་དགོས་དང་།དངོས་སུ་འབྱོར་མཁན་585ཡོད་དེ།ཁྲིམས་བཀོད་ཀྱི་མི་གྲངས་དང་མཐུན་པ་རེད།

       འགོ་འཚུགས་པའི་ཚོགས་ཆེན་ནི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་ཁྲིན་ཧའོ་ཡིས་གཙོ་སྐྱོང་གནང་བ་རེད།

       ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའི་འགན་འཁུར་མཁན་ད་དུང་ལི་ཞིའུ་ལིང་།ཀྲའོ་ཅིན།ལུའུ་ཅུན་ཧྭ།ཀྲང་པའེ་རུའུ།ཧོ་ཏོན་ཆི།དབྱང་པའོ་ཅན།ལི་ཕེ།ཏའོ་ལིན་དབྱིན།ཝང་ཧྲུའུ་ཧྥུན།མའོ་ཝུན་ཀུའོ།ཀྲའོ་ལི་ཞུང་།པའེ་པའོ་ཞིང་།ལིའུ་དབྱི་ཕིན།ཙོའུ་ཆང་།ཧྥན་ཧྭ་ཕིན།ལུའོ་ཡིང་ཀོན།ཀྲའོ་ཏེ་ཀོན།ཧོའུ་ཞིན་ཧྭ།ཏའོ་མེ།ཞུས་ཉིང་བཅས་ཡོད།

      ཚེས་16ཉིན་གྱི་སྔ་དྲོར།ཁྲེན་ཧའོ་ཡིས་ཚོགས་ཆེན་འགོ་ཚུགས་པར་ཡོངས་བསྒྲགས་བྱས།

      ཡུན་ནན་ཞིང་ཆེན་གྱི་ལས་ཚབ་ཧྲེང་ཀྲང་རོན་ཁྲེན་ཧྥ་ཡིས་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་སྲིད་གཞུང་ལས་ཀའི་སྙན་སེང་ཞུས་པ་རེད།

 

      གྲོས་ཚོགས་ཀྱི་གྲོས་རིམ་ལ་གཞིགས་ནས།ཚོགས་ཆེན་གྱིས་ཡིག་ཐོག་རྣམ་པའི་ཐོག་འཐུས་མིས་ཡུན་ནན་ཞིང་ཆེན་2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་ཟིན་གྱི་སྙན་སེང་་དང་།ཡུན་ནན་ཞིང་ཆེན་2016ལོའི་ས་གནས་ཀྱི་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང་2017ལོའི་ས་གནས་ཀྱི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་སེང་ལ་ཞིབ་བཤེར་བྱེད་རྒྱུར་ཕུལ་བ་རེད།      ཚོགས་ཆེན་གྱིས་ཡུན་ནན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འབྲེལ་ཡོད་ཆེད་དམིགས་ཨུ་ལྷན་སྒྲིག་འཛུགས་ཀྱི་མི་སྣའི་འོས་མིའི་བྱ་ཐབས་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་མ་ཟད།ད་དུང་ཁག་བགོས་ནས་ཡུན་ནན་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ནང་དོན་ཁྲིམས་འཛིན་ཨུ་ལྷན་དང་ནོར་སྲིད་དཔལ་འབྱོར་ཨུ་ལྷན།ཁྲིམས་ལུགས་ཨུ་ལྷན་བཅས་ཀྱི་ཀྲུའུ་རེན་ཨུ་ཡོན་གྱི་འོས་མི་བརྡས་ཐག་བཅད་ནས་གྲོས་འཆམ་བྱས་པ་རེད།

      ཀྲུའུ་ཞིའི་སྟེགས་བུའི་ཐོག་ཞུགས་མཁན་ད་དུང་ཝང་ཞུའེ་རེན་དང་།ཁྲེན་ལན་ཡོན།ལི་ཞའོ་སན།ལི་དབྱི་ཧྥེ།ལུའོ་ཧུའེ་ཡན།ཀྲང་ཐན་ཡོན།ལི་ཝུན་རུང་།ལི་ཧན་པའེ།ལི་ཅང་།ཀའོ་ཧྥུང་།ཀྲང་ཙུའུ་ལིན།ཏུང་ཧྭ།ཁྲིན་ཧྲོའེ།ཀའོ་ཧྲུའུ་ཞུན།པའེ་ཁྲེན་ལིའང་།མྰ་ཁའེ་ཞན།ཙེང་ཧྭ།ལུའོ་ལི་ཧུའེ།ཧོང་དབྱི།ཉེ་ཧུའེ་ཧྥ།ཏིང་ཧྲའོ་ཞང་།ཝང་ཁྲེན་ཚའེ།ཡུས་ཏིང་ཁྲེན།དབྱང་ཅ་ཝུའུ།ཀྲང་ཞུའེ་ཆུན།ལི་ཉིང་དང་།སྔོན་མར་ཞིང་ཆེན་གཞོན་པ་ཡན་གྱི་ལས་འགན་འཛིན་མྱོང་བའི་འགོ་ཁྲིད་རྒན་པ།ཏན་སྡོད་བཅིངས་འགྲོལ་དམག་དང་ཉེན་རྟོག་དྲག་དཔུང་གི་འགན་འཁུར་བ་སོགས་ཡོད་པ་རེད།

      ཡུན་ནན་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་ཨུ་ཡོན་གྲོས་ཚོགས་སུ་ཟུར་ཞུགས་ཡོད་པ་དང་།ཕྱི་རྒྱལ་གྱི་ཁུན་སྡོད་སྤྱི་ཁྱབ་ལས་འཛིན་པ་7གྱིས་གྲོས་ཚོགས་ཟུར་ཉན་བྱས་པ་རེད།