རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླའི་མཉམ་སྡེབ་ཀྱིས་2017ལོའི་ཁུལ་ཁོངས་གཏོགས་ལས་འཁྱུར་ངལ་གསོ་དང་ལས་བྲལ་ངལ་གསོ་ལས་བྱེད་པས་ལོ་གསར་རྟེན་འབྲེལ་ཞུ་བའི་ཚོགས་འདུའི་ཐོག་གླུ་དབྱངས་ལེན་བཞིན་པ། (དབྱངས་ཅན་ལྷ་མོས་པར་བླངས།)
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་1ཚེས་6ཉིན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སེམས་ཀྱི་ཉི་ཟླ་མགྲོན་ཁང་ཆེན་མོར་2017ལོའི་ཁུལ་ཁོངས་གཏོགས་ལས་འཁྱུར་ངལ་གསོ་དང་ལས་བྲལ་ངལ་གསོ་ལས་བྱེད་པས་ལོ་གསར་རྟེན་འབྲེལ་ཞུ་བའི་ཚོགས་འདུ་འཚོགས་པ་རེད། ཁུལ་ཁོངས་གཏོགས་ལས་འཁྱུར་ངལ་གསོ་དང་ལས་བྲལ་ངལ་གསོ་འགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པ་ལྷན་དུ་འཛོམས་ཏེ། མཉམ་དུ་ལོ་གསར་རྟེན་འབྲེལ་ཞུ་བ་དང་མཉམ་དུ་འཕེལ་རྒྱས་གྲོས་གླེང་བྱས་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་གུའུ་ཁུན་གྱིས་ཁུལ་ཨུ་དང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚབ་བྱས་ནས་ཤིས་ཚིག་གསུང་བ་དང་།ཁུལ་ཁོངས་གཏོགས་ལས་འཁྱུར་ངལ་གསོ་དང་ལས་བྲལ་ངལ་གསོ་འགོ་ཁྲིད་རྒན་པ་དང་། བློ་མཐུན་རྒན་པ་ལ་ལོ་གསར་རྟེན་འབྲེལ་ཞུ་བ་དང་འབྲེལ་སྨོན་འདུན་བཟང་པོ་ཞུ་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཆི་ཅན་ཞིན་གྱིས་ལོ་གསར་རྟེན་འབྲེལ་ཞུ་བའི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།