བདེ་ཆེན་འཐུས་མི་ཚོགས་པས་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་སྙན་ཞུ་ལ་ཞིབ་བཤེར་བྱས་ཤིང་འཆར་གཞི་དང་ནོར་སྲིད་སྙན་ཞུ་ལ་གྲོས་ཞིབ་བྱས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


        ཟླ་1ཚེས་16ཉིན་གྱི་ཕྱི་དྲོ་ནས་ཚེས་17ཉིན་གྱི་སྔ་དྲོའི་བར། ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་བདེ་ཆེན་འཐུས་མི་ཚོགས་པས་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་སྙན་ཞུ་ལ་གྲོས་ཞིབ་བྱས་པ་དང་།འཆར་གཞི་དང་ནོར་སྲིད་ཀྱི་སྙན་ཞུ་ལ་ཞིབ་བཤེར་བྱས་པ་རེད། (དབྱང་ཡུང་གིས་པར་བླངས།)

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་1ཚེས་16ཉིན་གྱི་ཕྱི་དྲོ་ནས་ཚེས་17ཉིན་གྱི་སྔ་དྲོའི་བར། ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པའི་བདེ་ཆེན་འཐུས་མི་ཚོགས་པས་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་སྙན་ཞུ་ལ་གྲོས་ཞིབ་བྱས་པ་དང་།འཆར་གཞི་དང་ནོར་སྲིད་ཀྱི་སྙན་ཞུ་ལ་ཞིབ་བཤེར་བྱས་པ་རེད།འཐུས་མི་ཚོས་བཏོན་དོན།བདེ་ཆེན་གྱིས་གོ་སྐབས་དམ་འཛིན་བྱེད་དགོས་པ་དང་མཁྲེགས་གཏོར་དཀའ་སེལ་བྱེད་པ་དང་།ཞིང་ཆེན་སྲིད་གཞུང་གི་ལས་ཀའི་སྙན་ཞུའི་ཐོག་བཏོན་པའི་འཕེལ་རྒྱས་བསམ་ལམ་ལྟར།ཁུལ་ཡོངས་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ།2020ལོར་རང་ཁུལ་འདི་ཉིད་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པར་ཁག་ཐེག་བྱེད་དགོས།

        ཞིང་ཆེན་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཝང་ཧྲུའུ་ཧྥེང་དང་ཀྲའོ་ལི་ཞུང་། ཧོང་དབྱི། གུའུ་ཁུན། ལི་ཚང་ཀོང་སོགས་འཐུས་མི་གྲོས་ཞིབ་ཞིབ་བཤེར་ལ་ཞུགས་ཡོད་པ་དང་། རང་ཁུལ་གྱི་འགོ་ཁྲིད་ཆི་ཅིན་ཞིན་ཟུར་ཞུགས་ཡོད་པ་རེད།