རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་1ཚེས་14ཉིན། ཞིང་ཨུའི་བཀོད་སྒྲིག་ལྟར། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་2016ལོའི་དམངས་གཙོའི་འཚོ་བའི་གྲོས་ཚོགས་འཚོགས་པ་རེད།གྲོས་ཚོགས་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་བྱེད་རྒྱུ་བརྗོད་བྱ་གཙོ་བོར་བྱས་ནས། “གཉིས་སློབ་གཅིག་བྱེད”ཀྱི་སློབ་སྦྱོང་སློབ་གསོའི་བླང་བྱར་གཞིགས་ནས།གཙོ་བོར་《གནས་བབ་གསར་པའི་འོག་གི་ཏང་ནང་གི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་》དང་《ཀྲུང་གོ་གུང་ཁྲན་ཏང་ཏང་ནང་གི་ལྟ་སྐུལ་སྲོལ་ཡིག་》དང་ཞིབ་བསྡུར་བྱེད་ཅིང་།བསམ་བློ་དང་ལས་ཀའི་དངོས་ཡོད་ལ་དམ་པོར་དམིགས་ཏེ།གཏིང་ཟབ་ངང་གནད་དོན་བཙལ་འཚོལ་བྱེད་པ་དང་འབྱུང་ཁུངས་དབྱེ་ཞིབ་བྱེད་པ།གཟབ་ནན་ངང་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ།དག་ཐེར་དང་ལེགས་བཅོས་བྱེད་ཕྱོགས་ངེས་གསལ་བྱས་ཏེ།ཏན་ཏིག་གིས་ཁུལ་ཨུའི་འགོ་ཁྲིད་ལྷན་སྤྱིའི་འཛུགས་སྤེལ་ཤུགས་ཆེར་བཏང་བ་རེད།ཁུལ་ཨུའི་ཧྲུའུ་ཅི་གུའུ་ཁུན་གྱིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་འབྲེལ་ཕྱོགས་བསྡོམས་གསུང་བཤད་གནང་ཞིང་།ཁོང་གིས་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ལྷན་སྤྱིའི་ཚབ་བྱས་ནས་ཞིབ་བཤེར་བྱེད་པ་དང་།སྣེ་ཁྲིད་ནས་རང་སྐྱོན་བརྗོད་པ་དང་།ལྷན་རྒྱས་ཀྱི་སྐྱོན་བརྗོད་ལ་དང་ལེན་ཞུས་པ་རེད།