2016ལོའི་ཞིང་ཆེན་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྤེལ་འགན་འཁྲིའི་ལམ་ལུགས་ཀྱི་ཞིབ་བཤེར་དཔྱད་ཞིབ་ལས་ཀའི་བདེ་ཆེན་ཁུལ་གྱི་སྙན་ཞུ་དང་དམངས་གཙོའི་ཚད་ལེན་གྲོས་བསྡུར་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་2པའི་ཚེས་6ཉིན། ཞིང་ཨུའི་རྒྱུན་ཨུ།ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དབྱང་ནིང་གིས་ཞིང་ཆེན་གྱི་དཔྱད་ཞིབ་ཚོ་ཆུང་བཅུ་པ་ཁྲིད་ནས་རང་ཁུལ་དུ་ཏང་སྲོལ་སྲིད་གཙང་འཛུགས་སྤེལ་འགན་འཁྲིའི་ལམ་ལུགས་ལས་ཀའི་གནས་ཚུལ་ལ་ཞིབ་བཤེར་དཔྱད་ཞིབ་བྱས་པ་དང་།རང་ཁུལ་2016ལོ་འཁོར་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྤེལ་འགན་འཁྲིའི་ལམ་ལུགས་ལས་ཀའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་པ་རེད།

        གྲོས་ཚོགས་ཐོག་ཁུལ་ཨུའི་ཧྲུའུ་ཅི་གུའུ་ཁུན་གྱིས་ཞིང་ཆེན་ཞིབ་བཤེར་དཔྱད་ཞིབ་ཚོ་ཆུང་བཅུ་པ་ལ་རང་ཁུལ་2016ལོ་འཁོར་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྤེལ་འགན་འཁྲིའི་ལམ་ལུགས་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པ་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཆི་ཅན་ཞིན་གྱིས་སྙན་ཞུ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།