ད་ལོར་རང་ཁུལ་གྱིས་གཙོ་བོ་ཁག་དགུ་འབུར་དུ་ཐོན་པར་བྱས་ནས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།   


སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ད་ལོ་ནི་“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཕྱོགས་ཡོངས་ནས་དངོས་སུ་འགྲུབ་པའི་གནད་འགག་གི་ལོ་ཞིག་ཡིན་ཞིང་།རང་ཁུལ་གྱིས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཡུལ་ནི་གྲོང་གསེབ་ཀྱི་རྒྱུན་སྡོད་ཡུལ་མིའི་མི་རེའི་ཆ་སྙོམས་སུ་ལག་ཐོག་གི་ཡོང་འབབ་10%ཡན་འཕར་ཐབས་བྱེད་རྒྱུ་དང་།འབྲུ་རིགས་ཀྱི་སྤྱིའི་ཐོན་འབོར་ཏུན་ཁྲི་17.7ཡན་ལ་ཟིན་ཐབས་བྱེད་རྒྱུ།ཤའི་ཐོན་འབོར་ཏུན་ཁྲི་3.5ལ་ཟིན་ཐབས་བྱེད་རྒྱུ།རྒུན་འབྲུམ་དང་ནས།ཀྲུང་ལུགས་སྨན་རིགས།སྣུམ་ལྡན་སྐྱུ་རུ་སོགས་ཀྱི་ཁྱད་ལྡན་འདེབས་འཛུགས་རྟེན་གཞི་མུའུ་ཁྲི་55ལ་ཟིན་ཐབས་བྱེད་རྒྱུ།ཁྱད་ལྡན་བྱ་ཕྱུགས་ཀྱི་གཞི་ཁྱོན་ཅན་གྱི་གསོ་སྤེལ་བྱེད་ར་30འཕེལ་རྒྱས་གཏོང་རྒྱུ།ཚད་ལྡན་ཅན་གྱི་དཔེ་སྟོན་ཆེད་ལས་མཉམ་ལས་ཁང་10འཛུགས་རྒྱུ།དགེ་མཚན་ལྡན་པའི་ངང་ནས་གཞིས་ཀའི་དཔལ་འབྱོར་དང་ཁྱིམ་ཚང་གི་ཞིང་ར་འཕེལ་རྒྱས་གཏོང་རྒྱུ། དེ་བཞིན་ཐོན་ལས་དང་པོའི་འཕར་ཐང་6%ཡན་ལ་ཟིན་པར་བརྩོན་ལེན་བྱེད་རྒྱུ་ཡིན་པ་རེད།