ཤར་རྒྱུད་བོད་ཁུལ་གྱི་ཟོང་འགྲུལ་ལྟེ་གནས་འཛུགས་འགོ་ཚུགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

       སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་1པོ་ཚེས་12ཉིན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཤར་རྒྱུད་བོད་ཁུལ་གྱི་ཟོང་འགྲུལ་ལྟེ་གནས་ཀྱི་འཛུགས་སྐྲུན་རྣམ་གྲངས་(སྐབས་དང་པོ)ལས་འགོ་ཚུགས་པའི་མཛད་སྒོ་བསྡུས་པ།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཆི་ཅན་ཞིན་འགོ་ཚུགས་མཛད་སྒོར་ཞུགས་ཡོད།

       ཤེས་གསལ་བྱུང་དོན།ཤར་རྒྱུད་བོད་ཁུལ་གྱི་ཟོང་འགྲུལ་ལྟེ་གནས་ཀྱི་འཛུགས་སྐྲུན་རྣམ་གྲངས་(སྐབས་དང་པོ)ནི་བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གནད་ཆེའི་ལས་གྲྭ་ཞིག་ཡིན་པ་དང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྣམ་གྲངས་ཀྱི་དུས་སྔོན་ལས་ཀ་ཡོངས་བསྒྲུབས་ནས།ཤར་རྒྱུད་བོད་ཁུལ་གྱི་དངོས་རྫས་དང་ཆ་འཕྲིན་རྗེས་རེས་བྱེད་པའི་གནད་ཆེའི་བརྒྱུད་སྤྲོད་ལྟེ་གནས་འཛུགས་པ་དང་ཤར་ཕྱོགས་བོད་ཁུལ་གྱི་རྒྱལ་སྤྱིའི་དེང་སྐབས་དངོས་རྫས་ལྡུམ་ཁུལ་གྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད།

       ཤར་རྒྱུད་བོད་ཁུལ་གྱི་ཟོང་འགྲུལ་ལྟེ་གནས་ནི་སྒྲིག་གཞིའི་བཀོད་སྒྲིག་ལུགས་དང་མཐུན་པ།ནུས་པ་ཆ་ཚང་བ།ཟོང་འགྲུལ་གྱི་ཆ་འཕྲིན་གཅིག་བསྡུས་བྱེད་པའི་ཟོང་འགྲུལ་ལྟེ་གནས་ཞིག་བཟོ་རྒྱུ་ཡིན་པ་རེད།