བདེ་ཆེན་ཁུལ་གྱིས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་བྱས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་མཇུག་སྒྲིལ་རྗེས།བདེ་ཆེན་ཁུལ་གྱི་སྡེ་ཁག་སོ་སོས་འཕྲལ་མར་ལས་བྱེད་པ་ཡོངས་ཀྱི་ཚོགས་ཆེན་འཚོགས་ནས།ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

    2016ལོའི་ཟླ་12པའི་ཚེས་26ཉིན།ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་པུའུ་ཨུའི་(རྒྱས་འཛོམས་)ཚོགས་འདུ་འཚོགས་ནས།ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་།ཁུལ་ཨུའི་རྒྱུན་ཨུ་དང་།ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལུའི་པིང་གིས་ཉེ་ཆར་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་འབྲེལ་ཡོད་ལས་ཀ་བཀོད་སྒྲིག་བྱས་པ་དང་།དྲིལ་བསྒྲགས་སྡེ་ཁག་སོ་སོས་ཚད་མཐོའི་མཐོང་ཆེན་བྱས་ནས།ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་བྱེད་དགོས་པ་དང་།སློབ་སྦྱོང་གཏིང་ཟབ་དང་མཐའ་གསལ།ཞིབ་ཚགས་བྱས་ཏེ་ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ཁོང་དུ་ཆུད་དགོས་པ་དང་།སྒྲོག་འགྲེལ་བྱེད་སྒོར་དམིགས་སའི་རང་བཞིན་དང་སློབ་སྟོན་གྱི་རང་བཞིན་ལྡན་དགོས་པ།བདེ་ཆེན་གྱི་དོན་དངོས་དང་སྡེ་ཚན་ཁག་གི་ལས་ཀའི་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ།སྒྲོག་འགྲེལ་ལས་ཀའི་ཁྲིད་ཕྱོགས་ཡང་དག་པ་དང་།ཁུལ་རིམ་པའི་གཙོ་གྲས་སྨྱན་བྱད་ཀྱིས་ནན་ཏན་གྱིས་ཇུས་འགོད་ལེགས་པོ་བྱེད་དགོས་ཞེས་བཏོན་པ་རེད།།

      2016ལོའི་ཟླ་12པའི་ཚེས་26ཉིན།ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པའི་ཚོགས་འདུ་འཚོགས་པ།ཁུལ་ཨུའི་རྒྱུན་ཨུ་དང་།ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲུང་མིའོ་ཡིའུ་ཧྥ་ཡིས་ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལ་དམིགས་ནས།ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་སོ་སོས་ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་བྱས་ཏེ།དུས་རྒྱུས་ཀྱི་ལས་ཀའི་ཐོག་དོན་འཁྱོལ་བྱེད་དགོས་པ་དང་།རྣམ་པ་སྣ་ཚོགས་ཀྱི་སྒྲོག་འགྲེལ་བྱེད་སྒོ་བསྡུས་ནས་ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དགོན་སྡེ་སོ་སོར་སྒྲོག་འགྲེལ་བྱེད་དགོས།ཁུལ་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་བྱེད་པ་རྣམ་གྱིས་བསམ་བློ་དང་བྱ་སྤྱོད་ཞིང་ཨུའི་ཇུས་གཞི་དང་བཀོད་སྒྲིག་ཐོག་གཅིག་འགྱུར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

       2016ལོའི་ཟླ་12པའི་ཚེས་30ཉིན།ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་བྱེད་པ་ཡོངས་ཀྱི་གྲོས་ཚོགས་འཚོགས་པ།གྲོས་ཚོགས་ཐོག་ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ།བློ་མཐུན་ཁྲེན་ཧའོ་ཡིས་ཞིང་ཨུའི་སྐབས་དགུ་པའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཞུས་པའི་སྙན་སེང་དང་།བློ་མཐུན་ཁྲེན་ཧའོ་ཡིས་ཀྲུང་གུང་ཡུན་ནན་ཞིང་ཆེན་སྐབས་བཅུ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་གནང་བ་གལ་ཆེའི་གསུང་བཤད།ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་བཅས་སློབ་སྦྱོང་བྱས།

      2016ལོའི་ཟླ་12པའི་ཚེས་30ཉིན།བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་ལབ་བྱེད་པ་ཡོངས་ཀྱི་ཚོགས་ཆེན་འཚོགས་ནས།ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།གྲོས་ཚོགས་ཀྱིས་ལས་བྱེད་པ་ཡོངས་ཀྱིས་གཏིང་ཟབ་ཀྱིས་ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པ་ནི་མིག་སྔ་དང་དེང་ཕྱིན་གྱི་དུས་སྐབས་ཤིག་གི་གལ་ཆེའི་སྲིད་ཇུས་ལས་འགན་དུ་བཞག་དགོས་པ་དང་།དོངས་ཡོད་དང་བསྟུན་ནས།གསར་གཏོད་རང་བཞིན་ལྡན་པའི་ངང་ལས་ཀ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།