སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྐབས་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་2པའི་ཚེས་18ཉིན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྐབས་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་འཚོགས་པ།

      གྲོས་ཚོགས་ཀྱི་ཐོག་བློ་མཐུན་ཁྲིན་ཆུན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་སྐབས་དང་པོའི་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ལས་ཀའི་སྙན་སེང་བྱས་པ།

      སྙན་ཞུ་ཡིས་ལོ་བཞིའི་རིང་དུ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་རྒྱལ་ཡོངས་བོད་ཁུལ་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་དཔེ་སྟོན་ས་ཁུལ་འཛུགས་པའི་དམིགས་འབེན་ལ་དམ་འཛིན་བྱས་ནས།བདེ་བླག་ངང་རྫོང་མེད་པར་བཟོ་ནས་གྲོང་ཁྱེར་འཛུགས་པ་དང་།ཕྱོགས་ཡོངས་ནས་འཕེལ་རྒྱས་དམིགས་འབེན་དང་ལས་ཀ་གཙོ་བོ་ལེགས་གྲུབ་བྱུང་ཡོད་བཅས་བསྟན་པ།

      སྙན་ཞུ་ཡིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ད་ཕྱིན་གྱི་ལོ་ལྔར་འབད་བརྩོན་བྱེད་དགོས་པའི་དམིགས་འབེན་ནི་གྲོང་ཡོངས་མི་དམངས་ཀྱི་ཡོང་འབབ་མཐོ་རུ་འཕར་བ་དང་གཞི་རྩའི་སྤྱི་པའི་ཞགས་འདེབས་མཐོ་རུ་གཏོང་བ།སྤྱི་ཚོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ཡར་རྒྱས་གཏོང་བ།སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ།ཕྱོགས་ཡོངས་ཀྱིས་གཏིང་ཟབ་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བཏོན་པ།

      གྲོས་ཚོགས་ཀྱི་གཞི་རིམ་ལ་ལྟར།ཚོགས་ཆེན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་2016ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་པའི་གནས་ཚུལ་དང་2017ལོའི་རརྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་ཇུས་གཞིའི་སྙན་ཞུ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་2016ལོའི་ས་གནས་ཀྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱེད་པའི་གནས་ཚུལ་དང་2017ལོའི་ས་གནས་ཀྱི་ནོར་སྲིད་སྔོན་རྩིས་ཀྱི་ཇུས་གཞིའི་སྙན་ཞུ་པར་དཔར་འགྲེམ་བྱས་ནས་ཞིབ་བཤེར་བྱེད་རྒྱུར་ཞུས་ཡོད།