བོད་ལོ་གསར་ནང་གླུ་གར་དགོང་ཚོགས་གཉིས་ལྟད་མོ་བར་འབུལ་རྒྱུ་ཡིན།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ2པའི་ཚེས་20ཉིན་གྱི་དགོང་མོར།བདེ་ཆེན་ཁུལ་མི་རིགས་གླུ་གར་ཚོགས་པས་བཅོས་སྒྲིག་བྱས་ཤིང་འཚོ་བའི་སྣང་བརྙན་མཚོན་པའི་གླུ་གར་ལེ་ཚན་གྱང་གླུ་ཞེས་པས་བདེ་ཆེན་གྱི་ཚབ་བྱས་ནས་ཁམས་པའི་བརྙན་འཕྲིན་ཁང་གིས་བསྡུས་པའི་བོད་ལོ་གསར་གྱི་དགོང་ཚོགས་ལེ་ཚན་ནང་ཞུགས་ཏེ་ཕབ་བསྐྲུན་ཡང་བྱས་ཚར་ཡོད། 

འཚོ་བའི་སྣང་བརྙན་མཚོན་པའི་གླུ་གར་གྱང་གླུ་ཞེས་པ། 

        གྱང་གླུའི་ལེ་ཚན་འདིས་གླུ་གར་སྒྱུ་རྩལ་གྱི་རྣམ་པར་བརྟེན་ནས་བོད་རིགས་མི་དམངས་ཀྱི་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་བཟོ་ལྟ་དེ་ཚུར་སྣང་བྱས་ཡོད་ཅིང་།གྱང་རྡུང་ནས་ཁང་པ་ཕུབ་པ་སོགས་ཐོན་སྐྱེད་ངལ་རྩོལ་བརྒྱུད་དེ།གསོལ་འདེབས་དང་།གྱང་གླུ།པི་ཝང་རྡུང་བ།ཉི་ཤར་གྱི་བྱམས་གླུ།དམངས་གླུ་སོགས་མི་རིགས་རིག་གནས་ཀྱི་ཁྱད་ཆོས་མངོན་པའི་ལྡན་པའི་རྒྱུ་ཆ་བཀྲམ་ནས།  བོད་རིགས་མི་དམངས་ནི་འཚོ་བ་ལ་དགའ་ཞིང་།རང་བྱུང་ཁམས་ལ་དད་པ་བྱེད་པ། རྒྱལ་ཁབ་བདེ་ཞིང་དམངས་རྣམས་སྐྱིད་པའི་རེ་སྨོན་བྱེད་པ།  སེམས་ཅན་ཡོངས་ལ་འཚེ་བ་མེད་པའི་སྨོན་འདུན་ཞུ་བ་སོགས་ཀྱི་བརྩེ་སེམས་མཚོན་པར་བྱས་ཡོད།