རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། བདེ་ཆེན་ཁུལ་ལ་ལེ་དབར་བཅུ་བརྒལ་ནས་གནམ་གཤིས་འདྲ་བ་མེད་པའི་ཟེར་སྲོལ་ཡོད་པ་དང་།ཉེ་སྔོན་བདེ་ཆེན་གྱི་མཐོ་སྒང་ལ་ཁ་བབ་བབས་དུས།འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་གྱི་འབྲི་ཆུའི་ངོགས་ལ་དཔྱིད་འགོའི་མཛེས་ལྗོངས་ཀྱིས་ཁེབས་པ།
ཉེ་སྔོན།བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་།འཇོལ་རྫོང་ལ་ལོ་ལེགས་གངས་ཀྱི་ཁ་བ་བབས་ནས།ག་ས་གར་དཔྱིད་ཀྱི་གངས་ལྗོངས་བྱུང་ཡོད།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་གྱི་ཡུལ་མིས་དགའ་སྤྲོའི་ངང་ལོ་ལེགས་བྱུང་བའི་རྟགས་ཀྱི་ཁ་བ་ལ་དགའ་བསུ་བྱེད་པ་དང་གངས་ལྗོངས་ནས་པར་བླངས་པ་དང་རྩེད་མོ་རྩི་བཞིན།
འཇོལ་རྫོང་རྐོང་རྩེད་ར་གྲོང་རྡལ་གྱི་འབྲི་ཆུ་ངོགས་ལ་ཁམ་བུ་མེ་ཏོག་སོགས་མེ་ཏོག་སྣ་མིན་སྣ་ཚོགས་བཞད་པ་དང་ལྕང་མ་ཤིང་གི་མྱུ་གུ་འབུས་པ།སྲན་ནག་ཀྱང་སྨིན་ཡོད།