དགའ་ལྡན་སུམ་རྩེན་གླིང་གིས་མར་རྒྱན་བཤམས་ནས་བོད་ཀྱི་ལོ་གསར་རོལ་བ།

རྩོམ་པ་པོ།   གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། བོད་ཀྱི་ལོ་གསར་ཐོན་ལ་ཉེ་བའི་སྐབས། དགའ་ལྡན་སུམ་རྩེན་གླིང་གི་གྲྭ་བ་ཚོ་མར་རྒྱན་བཟོ་བར་བྲེལ་བཞིན་ཡོད། བཀྲ་ཤིས་པ་དང་རེ་སྒུག་གསར་བས་འཁེངས་པའི་ལོ་རེའི་བོད་ཀྱི་ལོ་གསར་ནང་མཐའ་འཁོར་གྱི་དད་ལྡན་མང་ཚོགས་དང་ཕྱོགས་བཞིའི་ཡུལ་སྐོར་བར་མར་རྒྱན་བཤམས་སྟོན་བྱེད་པའི་སྲོལ་ཆགས་ཡོད་པ་རེད། བདེ་ཆེན་སེམས་ཀྱི་ཉི་ཟླ་གྲོང་མིས་མར་རྒྱན་ལ་མར་མེ་ཏོག་ཅེས་ཟེར་སྲོལ་ཡོད།  


        མར་རྒྱན་ལ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་བརྒལ་བའི་ལོ་རྒྱུས་སྒྱུ་རྩལ་ཡོད་ཅིང་། མཉམ་མེད་རྗེ་ཙོང་ཁ་པ་ཆེན་པོས་ལྷ་སའི་སྨོན་ལམ་ཆེན་མོའི་སྐབས་ཞལ་ཟས་རྒྱ་མཚོ་མ་བཞེངས་པའི་ལམ་སྲོལ་བཏོད་པ་ནས་བཟུང་བོད་ཁམས་སུ་ཕོན་ཆེ་བའི་མར་རྒྱན་སྒྱུ་ཚལ་རྒྱ་ཆེར་དར་བ་ཡིན། དེ་ནི་མར་སྐྱ་ཚོན་སྣ་དང་བསྡེབས་ཏེ། འཇུར་མིག་དང་། པར་ལེབ་རིགས་སྣ་ཚོགས་ཀྱི་ཉེར་སྤྱད་དང་།ལག་པ་ཆུ་ཚ་གྲང་གཉིས་ཀྱིས་འདུལ།མཐར་སོར་མོའི་འདུ་བྱེད་གཙོ་བོ་བྱེད་པའི་ལག་རྩལ་གྱི་རྣམ་གྲངས་ཤིག་ཡིན།སྐུ་འབུམ་བྱམས་པ་གླིང་གི་མར་རྒྱན་ལ་མཚན་སྙན་གྲགས་ཆེན་པོ་ཡོད།