རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
འདས་པའི་ལོ་ལྔའི་གྲུབ་འབྲས།
དཔལ་འབྱོར་གྱི་ཤུགས་དངོས་རྒྱུན་མཐུད་ཀྱིས་མཐོ་རུ་བཏང་བ།2016ལོར།ཁུལ་ཡོངས་ཀྱི་ས་ཁུལ་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་180.6ལ་ཟིན་པ་དང་།ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་23.4ལེགས་གྲུབ་བྱས་པ།སྤྱི་ཚོགས་འཛད་རྫས་ཀྱི་སིལ་འཚོང་རིན་ཐང་སྒོར་དུང་ཕྱུར་45.9ལེགས་གྲུབ་བྱས་པ་རེད།
རྨང་གཞིའི་སྒྲིག་ཆས་མངོན་གསལ་གྱིས་ལེགས་སུ་བཏང་བ།ལོ་ལྔའི་རིང་གནད་ཆེའི་ལས་གྲྭ་1344ལག་བསྟར་བྱས་པ།སེམས་ཀྱི་ཉི་ཟླ་ནས་འཇོལ་བར་གྱི་རིམ་གཉིས་ལྡན་གཞུང་ལམ་དང་།འཇོལ་ནས་འབའ་ལུང་བར་གྱི་རིམ་གཉིས་ལྡན་གཞུང་ལམ།ཡང་ཐང་ཆུ་མཛོད།ལི་ཡོན་གློག་འདོན་ས་ཚིགས་སོགས་གནད་ཆེའི་རྣམ་གྲངས་བཙུགས་པ་དང་།འགྲིམ་འགྲུལ་དང་།ནུས་ཁུངས།ཆུ་བེད་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་སྔར་བས་ལེགས་སུ་བཏང་བ་རེད།
ཐོན་ལས་ཀྱི་སྒྲིག་གཞི་དེ་བས་ལུགས་མཐུན་དུ་བཏང་བ།2016ལོར།ཁུལ་ཡོངས་ཀྱི་ཐོན་ལས་དང་པོའི་འཕར་གྲངས་སྒོར་དུང་ཕྱུར་11.4ལེགས་གྲུབ་བྱས་ཏེ།ལོ་ལྔའི་ནང་ལོ་རེར་ཆ་སྙོམས་སུ་6.4%འཕར་བ།བཟོ་ལས་ལྡུམ་ཁུལ་གྱི་བཀོད་སྒྲིག་སྔར་བས་ལེགས་སུ་བཏང་བ།2016ལོར།ཐོན་ལས་གཉིས་པའི་འཕར་གྲངས་སྒོར་དུང་ཕྱུར་64.1ལེགས་གྲུབ་བྱས་ཏེ།ལོ་ལྔའི་ནང་ལོ་རེར་ཆ་སྙོམས་སུ་15.2%འཕར་བ།ཐོན་ལས་གསུམ་པའི་འཕར་གྲངས་སྒོར་དུང་ཕྱུར་105.1ལེགས་གྲུབ་བྱས་ཏེ།ལོ་ལྔའི་ནང་ལོ་རེར་ཆ་སྙོམས་སུ་10.7%འཕར་བ།
གྲོང་ཁྱེར་གྱི་རྣམ་པ་རྒྱུན་མཐུད་ཀྱིས་མཛེས་པོར་གྱུར་བ།ཁུལ་ཡོངས་ཀྱི་གྲོང་རྡལ་དང་གྲོང་གསེབ་ཀྱི་འཆར་འགོད་མ་ལག་རྒྱུན་མཐུད་ཀྱིས་འཐུས་ཚང་དུ་བཏང་ནས།གྲོང་རྡལ་དང་གྲོང་གསེབ་ཀྱི་འཆར་འགོད་316བཟོ་སྒྲིག་བྱས།
སྐྱེ་ཁམས་ཀྱི་འཛུགས་སྐྲུན་ལ་གཏིང་ཟབ་ཀྱིས་སྐུལ་འདེད་བཏང་བ།ཁུལ་ཡོངས་ཀྱི་སྐྱེ་ཁམས་སྤྱི་ཕན་ནགས་ཚལ་གྱི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི་2650ཡོད་དེ།ནགས་ཚལ་གྱི་ཁེབས་ཚད་75%ལ་ཟིན་པ།
བསྒྱུར་བཅོས་གསར་གཏོད་ཀྱི་གོམ་སྟབས་བརྟན་དུ་གྱུར་བ།ཁུལ་གཏོགས་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཀྱི་གླ་ཕོགས་བསྒྱུར་བཅོས་བདེ་བླག་ངང་སྐུལ་འདེད་བཏང་བ།ཁུལ་གྲོང་རྡལ་དང་གྲོང་གསེབ་འཛུགས་སྐྲུན་གྱི་དངུལ་འཇོག་ཀུང་སི་སོགས་བཙུགས་པ།སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་དེ་རྒྱལ་ཁབ་ཀྱི་གྲུ་ཁར་གྱུར་ཡོད།
མང་ཚོགས་ཀྱི་འཚོ་བ་ལེགས་སུ་བཏང་བ།2016ལོར།གྲོང་རྡལ་རྒྱུན་སྡོད་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར་29439ཟིན་པ་དང་།སྔ་ལོ་ལས་8.6%འཕར་བ་རེད།
སྤྱི་ཚོགས་ཀྱི་ལས་དོན་མཐུན་སྦྱོར་གྱིས་འཕེལ་རྒྱས་བཏང་བ།ཕྱོགས་ཡོངས་ནས་སློབ་གསོའི་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱས་པ་དང་།རིག་གནས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ།རིག་གནས་ཀྱི་ཐོན་ལས་བདེ་བླག་ངང་འཕེལ་རྒྱས་བཏང་བ།དམངས་ཡོངས་ཀྱི་ལུས་གསོའི་བྱེད་སྒོ་བསྡུས་ཡོད་པ་རེད།
སྤྱི་ཚོགས་བདག་སྐྱོང་བྱེད་པའི་གྲུབ་འབྲས་མངོན་གསལ་བྱུང་བ་དང་།ནན་ཏན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྲོལ་ཡིག་དང་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་པའི་དོ་དམ་སྲོལ་ཡིག་ལག་བསྟར་བྱས་པ།བདེ་འཇགས་ཀྱི་ཐོན་སྐྱེད་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ།བཟའ་བཅའ་དང་སྨན་རྫས།སྤུས་ཚད་བདེ་འཇགས་ཀྱི་ལྟ་སྐུལ་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ཡོད།
རང་ཉིད་ཀྱི་འཛུགས་སྐྲུན་ཉིན་བཞིན་ལེགས་སུ་བཏང་བ།གཏིང་ཀྱིས་སློབ་སྦྱོང་བྱེད་སྒོ་བསྡུས་པ་དང་།རང་རྟོགས་ཀྱིས་དམངས་ཆེན་དང་སྲིད་གྲོས་ཀྱི་ལྟ་སྐུལ་དང་ལེན་བྱས་པ།སྒྲིག་ཁྲིམས་ཞིབ་བཤེར་དང་ཞིབ་དཔྱོད་ཁང་གི་ལས་ཀར་རོགས་སྐྱོར་བྱས་པ་རེད།
ད་ཕྱིན་ལོ་ལྔའི་རིང་གི་འབད་བརྩོན་དམིགས་འབེན།
ཁུལ་ཡོངས་ཀྱི་ས་ཁུལ་སྤྱིའི་ཐོན་སྐྱེད་རིན་ཐང་ལོ་རེའི་ཆ་སྙོམས་ཀྱི་10%འཕར་བ།གྲོང་རྡལ་དང་གྲོང་གསེབ་ཀྱི་རྒྱུན་སྡོད་སྡོད་དམངས་ཀྱི་ཡོང་འབབ་ཀྱི་འཕར་ཚད་དེ་དཔལ་འབྱོར་འཕར་ཚད་ལས་མཐོ་བ།ཞིང་གྲོང་རྒྱུན་སྡོད་སྡོད་དམངས་ཀྱི་ཡོང་འབབ་འཕར་ཚད་དེ་གྲོང་རྡལ་རྒྱུན་སྡོད་སྡོད་དམངས་ཀྱི་ཡོང་འབབ་འཕར་ཚད་ལས་མཐོ་བ།གཞི་རྩའི་སྤྱི་པའི་ཞབས་འདེགས་དམིགས་འབེན་གཙོ་བོ་དེ་ནུབ་ཕྱོགས་ས་ཁུལ་གྱི་ཆ་སྙོམས་ཆུ་ཚད་ལ་ཟིན་པ།ཐེམ་ཐོའི་མི་གྲངས་ཀྱི་གྲོང་རྡལ་ཅན་དུ་གྱུར་ཚད་མཐོ་རུ་གཏོང་བ།ད་ལྟ་ལག་ལེན་བྱེད་བཞིན་པའི་ཚད་གཞིའི་འོག་ཏུ་ཞིང་གྲོང་དབུལ་ཕོངས་མི་གྲངས་ཀྱི་དབུལ་ཐར་མངོན་གྱུར་བྱེད་པ།སྤྱི་ཚོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ཡར་ཐོན་བྱེད་པ།སྐྱེ་ཁམས་མ་ལག་གི་འཁོར་རྒྱུག་བཟང་པོར་ཞུགས་པ།ཕྱོགས་ཡོངས་ནས་གཏིང་ཟབ་ཀྱི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ།ཡུན་རིང་བདེ་འགོད་ཀྱི་རྣམ་པ་དེ་བས་བརྟན་དུ་འགྱུར་རྒྱུ་བཅས་རེད།
2017ལོའི་གནད་ཆེའི་ལས་ཀ་ཁག་བརྒྱད།
གནད་ཆེའི་རྣམ་གྲངས་འཚུགས་སྐྲུན་མགྱོགས་པོར་བཏང་ནས།འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ།
གནས་བབ་ལེགས་པའི་ཐོན་ལས་ཀྱི་འཛུགས་སྐྲུན་མགྱོགས་སུ་བཏང་ནས།འཕེལ་རྒྱས་ཀྱི་ཕན་ནུས་མཐོ་རུ་གཏོང་རྒྱུ།
དབུལ་སྐྱོར་འགག་སྒྲོལ་གྱི་གོམ་སྟབས་མགྱོགས་སུ་སྐུལ་འདེད་བཏང་ནས།དབུལ་ཐར་ཡོང་རྒྱུར་ཁག་ཐེག་བྱེད་རྒྱུ།
མཛེས་སྡུག་ལྡན་པའི་གྲོང་རྡལ་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བྱས་ནས།མཐུན་སྦྱོར་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ།
སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས།སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་རྒྱུ།
སྤྱི་ཚོགས་ལས་དོན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས།དམངས་ཚོགས་ཀྱི་འགན་སྲུང་མཐོ་རུ་གཏོང་རྒྱུ།
ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་མགྱོགས་པོ་བཏང་ནས།འཕེལ་རྒྱས་ཀྱི་སྒུལ་ཤུགས་ལ་སྐུལ་མ་གཏོང་རྒྱུ།
སྤྱི་ཚོགས་དོ་དམ་གྱི་གསར་གཏོང་ལ་སྐུལ་འདེད་མགྱོགས་པོ་བཏང་ནས།ཁྲིམས་སྐྱོང་གི་བདེ་ཆེན་འཛུགས་རྒྱུ་བཅས་རེད།