སྲིད་གྲོས་བདེ་ཆེན་ཁུལ་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་དང་པོ་འགོ་ཚུགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     

  སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་3པའི་ཚེས་25ཉིན།ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་བདེ་ཆེན་ཁུལ་ཨུའི་སྙན་ཞུ་ཐིང་དུ་འགོ་ཚོགས་པ།

       ཐེངས་འདིའི་ཚོགས་ཆེན་གྱིས་སྐབས་གསར་པའི་ཁུལ་སྲིད་གྲོས་ཀྱི་འགོ་ཁྲིད་ཚོ་ཆུང་བདམས་ཐོན་བྱེད་པ་དང་།སྐབས་གསར་པའི་ཁུལ་སྲིད་གྲོས་ཀྱི་ལས་ཀ་ཞིབ་མཇུག་དང་བཀོད་སྒྲིག་བྱེད་པ།སྲིད་གཞུང་ལས་ཀའི་སྙན་ཞུ་དང་སྙན་ཞུ་གཞན་བདག་གྲོས་མོལ་དང་གྲོས་བསྡུར་བྱེད་རྒྱུ་ཡིན་པ་རེད།

       ཁུལ་ཡོངས་ཀྱི་མི་རིགས་སོ་སོ་དང་ལས་རིགས་ཁག་ནས་ཡོང་བའི་སྲིད་གྲོས་ཨུ་ཡོན་200ལྷག་ཙམ་གྱིས་ལྷན་འཛོམས་ངང་ཧུར་ཐག་གིས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ།སྲིད་གཞུང་ལ་ཞུགས་པ་དང་སྲིད་དོན་གྲོས་གླེང་བྱེད་པའི་འགན་ནུས་ལག་བསྟར་བྱེད་རྒྱུ།མཉམ་དུ་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་དམངས་ཕྱོག་ཁུལ་སྟབས་ལྡན་དུ་གཏོང་བའི་ཇུས་ཆེན་ཡང་འབུལ་རྒྱུ་རེད།

       ཐེངས་འདིའི་ཚོགས་ཆེན་དུ་ཕེབས་དགོས་པའི་ཨུ་ཡོན་225ཡོད་པ་དང་།དངོས་སུ་206ཕེབས་ཡོད་པ་དེ་སྲིད་གྲོས་ཀྱི་སྲོལ་ཡིག་དང་མཐུན་པ་རེད།

      ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ནི་ཏུའུ་ཡོང་ཁྲོན།དབྱང་ཧྥེང་ཞི།ཤར་རྩེ་བསྟན་འཛིན་ཆོས་འཕེལ།བུམ་གྲུབ་བློ་བཟང་ཡོན་ཏན།ཀོ་ཚུང་ཞན།ཧོ་ཡོང་ཀྲུང་།ཧྲི་ཁྲོན་མིང་།ཧོའུ་ཅི་ལིན་བཅས་རེད།

      རང་ཁུལ་གྱི་འགོ་ཁྲིད་གུའུ་ཁུན་དང་ཆི་ཅན་ཞིན།ལི་ཚན་ཀོང་སོགས་ཚོགས་ཆེན་དུ་ཕེབས་དང་ཚོགས་ཆེན་ལ་རྟེན་འབྲེལ་ཞུས་པ།

  ཞིང་ཨུའི་སྐབས་བརྗེ་སྣེ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་དབྱང་གོ་ཙུང་དང་ཙུའུ་ཀྲང་གཞོན་པ་མྰ་ཡོང་ཧྥུ་ཚོགས་ཆེན་དུ་ཕེབས་ནས་ཁྲིད་སྟོན་གནང་བ་རེད།    

      གདན་འདྲེན་ཞུས་ལྟར་ནས་ཚོགས་འདུར་ཞུགས་པ་དང་ཀྲུའུ་ཞི་སྟེབས་བུར་བསྡད་མི་ད་དུང་ཡུས་ཧྲིན་ཞང་།ཀྲང་ཝུན་ཏུང་།ཁྲ་ཀྲུང་ཝང་།ཝང་ཐན་ཞི།ལི་ཡན་ལན།ནོར་བུ་ཚེ་རིང་།ལུའི་པིང་།དབྱང་ཙི་ཅང་།ཝང་ཧུང་།མིའོ་ཡིའུ་ཧྥ།སུའུ་ཅིན་ཁྲུན།ལིའུ་ཞིན་ཧྲེང་།ཕུའུ་ལུའུ་ཧྭ།ཁྲིན་ཅུན་མིང་།དབྱང་ཀྲེན་དབྱི།སུང་ཐའོ།ཧོ་ལི་ཕིན།ཝང་ཡུས་ཞིའུ།ཡོན་ཞུའེ་ཧུང་།ཝང་ཁའེ་ཧྲི།དབྱིན་ཧྲུའུ་ལིན་དང་།ཁུལ་སྲིད་གྲོས་ཀྱི་ལས་འཁྱུར་ངལ་གསོ་བྱེད་པའི་འགོ་ཁྲིད་རྒན་པོ་ཀྲུའུ་དབྱི་ཡུའེ།ཨ་ཆིན།དབྱང་ཝུན་ཞང་།ཞའོ་ཐུབ་བསྟན་བཅས་ཡོད།

ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ལག་བསྟར་ཀྲུའུ་ཞི་དབྱང་ཧྥེང་ཞི་ཡིས་ཚོགས་ཆེན་གཙོ་སྐྱོང་གནང་བ།


ཏུའུ་ཡོང་ཁྲོན་གྱིས་སྐབས་བཅུ་གཅིག་པའི་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱིས་མངགས་བཅོལ་ཁས་ལེན་བྱས་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སེང་གནང་བ་དང་།ཁུལ་སྐབས་བཅུ་གཉིས་པའི་སྲིད་གྲོས་ལས་ཀར་བསམ་གཞི་བཏོན་པ།

སྙན་སེང་གིས་འདས་པའི་ལོ་ལྔའི་རིང་།ཁུལ་སྲིད་གྲོས་ཀྱིས་ཧུར་ཐག་གིས་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ།སྲིད་གཞུང་ལ་ཞུགས་པ་དང་སྲིད་དོན་གྲོས་གླེང་བྱེད་པའི་འགན་ནུས་ལན་བསྟར་བྱས་པ།རྒྱུན་མཐུད་ཀྱིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་འཕེལ་རྒྱས་ཡོང་བ་ལ་སྐུར་འདེད་བཏང་ནས།རང་ཁུལ་གྱི་དཔལ་འབྱོར་འཛུགས་སྐྲུན་དང་དམངས་འཚོ་ལེགས་སུ་གཏོང་བ།སྤྱི་ཚོགས་ཀྱི་འཆམ་མཐུན་བཅས་ལ་ཧུར་ཐག་གིས་ལེགས་སྐྱེལ་འབུལ་ཡོད་ཅེས་བསྟན་པ།

སྙན་ཞུས་ད་ཕྱིན་གྱི་ལོ་ལྔ་ནི་ཕྱོགས་ཡོངས་ནས་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་གཞི་ལག་བསྟར་བྱེད་པའི་གནད་ཆེའི་དུས་སྐབས་ཞིག་ཡིན།དབུལ་ཐར་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པའི་དུས་སྐབས་གཙོ་བོ་ཞིག་ཀྱང་ཡིན་པ་རེད།

སྙན་ཞུས་སྐབས་བཅུ་གཉིས་པའི་སྲིད་གྲོས་ཀྱིས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལྟེ་གནས་མཐའ་སྐོར་བྱེད་པ།མི་དམངས་ཀྱི་ཆེད་འགན་ལེན་སྒྲུབ་པ།བརྗོད་བྱ་གཙོ་བོ་འབུར་དུ་ཐོན་པ་སོགས་བྱེད་དགོས་པའི་བསམ་གཞི་བཏོན་པ།


ཀོ་ཚུང་ཞན་གྱིས་སྐབས་བཅུ་གཅིག་པའི་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱིས་མངགས་བཅོལ་ཁས་ལེན་བྱས་ནས་སྐབས་བཅུ་གཅིག་པའི་ཁུལ་སྲིད་གྲོས་ཀྱི་གྲོས་གཞི་ལས་ཀ་སྙན་སེང་གནང་བ་རེད།སྙན་སེང་གིས་ལོ་ལྔའི་རིང་སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་སུ་ཞུགས་པའི་ལས་ཁུངས་སོ་སོ།ཆེད་དམིགས་ཨུ་ལྷན་བཅས་ཀྱིས་གྲོས་གཞི་356འབུལ་བ།ཞིབ་བཤེར་བྱས་ནས་347ཐོ་འགོད་བྱེད་པ་དང་།གྱོད་དོན་ཞིབ་གཅོད་བྱེད་ཚད་100%ཟིན་པ།

ཚོགས་ཆེན་གྱིས་སྐབས་བཅུ་གཅིག་པའི་ཁུལ་སྲིད་གྲོས་ཀྱི་ཕུན་བྱུང་ཅན་གྱི་གྲོས་གཞི་དང་གྲོས་གཞི་ལས་ཀའི་སྔོན་ཐོན་ལས་ཁུངས་ལ་གཟེངས་བསྟོད་གནང་བ་རེད།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁགཁུལ་གཏོགས་ཁེ་ལས་དང་བྱ་གཞག་ལས་ཁུངས།ཞིང་ཆེན་རིམ་པའི་ཁུལ་དུ་གཏོགས་པའི་འགན་འཁུར་བ་དང་ཁྱད་གདན་མི་སྣ་གྲོས་ཚོགས་སུ་ཟུར་ཞུགས་གནང་བ་རེད།