རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་4པའི་ཚེས་5ཉིན།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཆི་ཅན་ཞིན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་ཁྱེར་རྨང་གཞིའི་སྒྲིག་ཆས་ཀྱི་འཛུགས་སྐྲུན་རྣམ་གྲངས་སུ་ཞིབ་མཇུག་བྱས་ནས།རིམ་པ་ཁག་གི་སྡེ་ཁག་སོ་སོས་མཐུན་སྦྱོར་ངང་ཞབས་འདེགས་བྱེད་པ་དང་ནུས་ཤུགས་མཉམ་འདོན་བྱེད་དེ།རྣམ་གྲངས་འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་གཏོང་ཞིང་།ལས་གྲྭ་ཡོངས་དུས་ཐོག་ཏུ་ལེགས་གྲུབ་བྱུང་བར་ཁག་ཐེག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཆི་ཅན་ཞིན་སྔ་རྗེས་སུ་ཤམ་བྷ་ལ་སྤྱི་གླིང་སོགས་ཨར་ལས་རྒྱག་བཞིན་གྱི་ལས་ཡུལ་སུ་སླེབས་ནས།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་དང་ཨར་ལས་རྒྱག་པའི་ལས་ཁུངས་ཀྱིས་བྱས་པའི་སྙན་སེང་ལ་ཉན་ཞིང་།ཨར་ལས་རྒྱག་པའི་གནས་ཚུལ།གནས་པའི་གནད་དོན་དང་དཀའ་ངལ་བཅས་རྒྱུས་ལོན་བྱས་ཏེ།ཁོང་གིས་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་བརྩམས་པའི་ཚུན་དུ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་རྒྱལ་ཐང་གྲོང་རྡལ་གྱི་ཏང་ཨུ་དང་སྲིད་གཞུང་གིས་དུས་སྔོན་གྱི་ས་ཆ་བསྡུ་ལེན་དང་བཤིག་སྤོ་སོགས་ཀྱི་ཐད་ལ་ལས་ཀ་མང་ཙང་བྱས་ཡོད་པ་དང་།གྲུབ་འབྲས་མངོན་གསལ་བྱུང་བ།རྣམ་གྲངས་ཡང་བདེ་བླག་ངང་བྱེད་ཐོབ་པ་རེད།གོམ་སྟབས་རྗེས་མར།རྒྱུན་མཐུད་ཀྱིས་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་གྲངས་ཀྱི་འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་གཏོང་དགོས་ཞེས་བཤད་ཡོད།
ཤམ་བྷ་ལ་སྤྱི་གླིང་འཛུགས་སྐྲུན་བྱེད་བཞིན་པའི་ལས་ཡུལ་དངོས་སུ།ཆི་ཅན་ཞིན་གྱིས་དམངས་འཚོ་དང་ཡུལ་སྐོར་གྱི་འཕེལ་རྒྱས་ལ་བརྟེན་ནས།ཚན་རིག་དང་མཐུན་པའི་བཀོད་སྒྲིག་བྱེད་པ་དང་།ནུས་ཡོད་ཀྱི་བྱ་ཐབས་བཏོན་ནས།གྲོང་ཁྱེར་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་འབད་བརྩོན་ངང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་དགོས་པ་དང་།གྲོང་ཁྱེར་སྔོ་ལྗང་ཅན་དུ་གྱུར་བའི་ཁྲོད་དུ་བདེ་ཆེན་གྱི་གནམ་གཤིས་དང་གྲོང་ཁྱེར་གྱི་ལྗོངས་ཁུལ་དུ་དམིགས་ནས།གྲོང་མིའི་འཚོ་གནས་ཁོར་ཡུག་ལེགས་སུ་གཏོང་དགོས།སྐྱེ་ཁམས་དང་མི་རིག་རིག་གནས་གཙོ་ཁྲིད་དུ་གྱུར་ནས།སྐྱེ་ཁམས་ལྡུམ་ཁུལ་ལྡན་པའི་གྲོང་ཁྱེར་གྱི་སྔོ་ལྗང་མཛེས་ལྗོངས་འཛུགས་པ་དང་།བདེ་ཆེན་བོད་ཁུལ་གྱི་རིག་གནས་དང་དམངས་སྲོལ་འབོར་ཐུན་གྱིས་མཚོན་ཏེ།རྒྱུན་མཐུད་ཀྱིས་སེམས་ཀྱི་ཉི་ཟླའི་གྲོང་ཁྱེར་གྱི་རྣམ་པ་མཐོ་རུ་གཏོང་དགོས་ཞེས་པའི་ནན་བཤད་གནང་བ་རེད།
ཆི་ཅན་ཞིན་གྱིས་གནམ་གཤིས་དྲོད་པོ་བྱུང་བར་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་མགྱོགས་སུ་གཏོང་དགོས་པ་དང་།རྣམ་གྲངས་ཀྱི་འཛུགས་སྐྲུན་དང་གྲོང་ཁྱེར་གྱི་ལྗོངས་ཁུལ།མི་རིགས་རིག་གནས་བཅས་མཉམ་འདྲེན་བྱེད་དེ།བདེ་ཆེན་བོད་ཁུལ་གྱི་ཁྱད་ཆོས་འགྲེན་སྟོན་བྱེད་དགོས།རིམ་པ་ཁག་གི་སྡེ་ཁག་སོ་སོས་ནུས་ཤུགས་མཉམ་འདོན་བྱས་ནས་ལས་ཀ་ཁག་ནན་པོའི་ངང་དམ་འཛིན་བྱེད་དགོས་ཞེས་བསྟན་པ།
ཁུལ་དཔོན་གཞོན་པ་དབྱང་ཀྲེང་དབྱི་དང་སུང་ཐའོ།ཁུལ་དང་གྲོང་ཁྱེར་སོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་མི་སྣ་དང་བཅས་པས་ཞིབ་མཇུག་བྱེད་རོགས་གནང་བ་རེད།