ཏ་ལའི་ལང་ཚོ་ཞེས་པའི་གློག་བརྙན་སེམས་ཀྱི་ཉི་ཟླར་ཕབ་སྐྲུན་བྱེད་འགོ་ཚུགས་པ།

རྩོམ་པ་པོ།   མི་གསལ།དུས་ཚོད།   2017-04-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།



སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་3པའི་ཚེས་21ཉིན།གུང་གཞོན་ཚོགས་པ་ཀྲུང་དབྱང་འཕེལ་རྒྱས་པུའུ་ཡིས་སྣེ་ཁྲིད་བྱེད་པ།གུང་གཞོན་ཚོགས་པ་བདེ་ཆེན་ཁུལ་ཨུ་དང་།ཀྲེ་ཅང་ཨའོ་ཁྲོན་ཚོགས་ཁག་སོགས་ཀྱིས་མཉམ་ལས་བྱེད་པའི་ཏ་ལའི་ལང་ཚོ་ཞེས་པའི་གློག་བརྙན་སེམས་ཀྱི་ཉི་ཟླར་དངོས་སུ་ཕབ་སྐྲུན་བྱས།


གུང་གཞོན་ཚོགས་པ་ཀྲུང་དབྱང་འཕེལ་རྒྱས་པུའུ་ཡི་ལྟར་སྐོར་གཞོན་པ་ལིའུ་ཀང་དང་བདེ་ཆེན་ཁུལ་ཨུའི་རྒྱུན་ཨུ།དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲུང་ལུའི་པིང་ཕབ་སྐྲུན་བྱེད་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་ཤིས་ཚིག་གནང་བ།

ལིའུ་ཀང་གིས་ཏ་ལའི་ལང་ཚོ་ཞེས་པའི་གློག་བརྙན་ནས་ན་གཞོན་ཚོས་ལས་ལམ་གསར་གཏོད་བྱེད་པའི་གཏམ་རྒྱུད་བསྟན་པ་དང་ལས་ལམ་གསར་གཏོད་བྱེད་པའི་དགོངས་དོན་དར་སྤེལ་གཏོང་སྟེ།ཕྱོགས་ཡོངས་ནས་ན་གཞོན་ཚོས་ལས་ལམ་གསར་གཏོད་བྱེད་པར་ཧུར་ཐག་གི་དྲིལ་བསྒྲགས་ནུས་པ་འདོན་རྒྱུ་རེད་ཅེས་བསྟན་པ།

ལུའི་པིང་གིས་ལོ་ལྔ་ཚན་བཅུ་གཅིག་པའི་སྐབས།བདེ་ཆེན་ཁུལ་གྱིས་རིག་གནས་ལ་བརྟེན་ནས་ཁུལ་དར་བའི་འཕེལ་རྒྱས་བསམ་གཞི་བཏོན་ནས།མང་ཚོགས་རང་བཞིན་གྱི་སྙིང་སྟོབས་དཔལ་ཡོན་གསར་སྐྲུན་བྱེད་པའི་བྱེད་སྒོ་བསྡུས་ཡོད་པ་དང་།སེམས་ཀྱི་ཉི་ཟླའི་རིག་གནས་དྲིལ་བསྒྲགས་དང་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་བཏང་ཞིང་།ནན་པོའི་ངང་སེམས་ཀྱི་ཉི་ཟླའི་སྤུས་རྟགས་མཐོ་རུ་གཏོང་བ་དང་སྲུང་སྐྱོང་ཡག་པོ་བྱེད་ཡོད།ཏ་ལའི་ལང་ཚོ་ཞེས་པའི་གློག་བརྙན་སེམས་ཀྱི་ཉི་ཟླར་ཕབ་སྐྲུན་བྱས་ནས།བདེ་ཆེན་གྱི་དཔལ་འབྱོར་འཕེལ་རྒྱས་དང་རིག་གནས་དར་སྤེལ་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་རྒྱུ་རེད་ཅེས་བཤད་པ།

    གློག་བརྙན་གྱིས་བདེ་ཆེན་ཁུལ་གྱི་ལས་ལམ་གསར་གཏོད་བྱེད་པའི་ན་གཞོན་ཧོ་ཡུང་ཆུང་གིས་རིམ་པ་སོ་སོའི་ཏང་དང་སྲིད་གཞུང་གིས་སེམས་ཁུར་གནང་བའི་འོགཧོར་ཐག་གིས་ལས་ལམ་གསར་གཏོད་བྱེད་པའི་གཏམ་རྒྱུད་བཤད་པ་དང་།བདེ་ཆེན་ན་གཞོན་གྱིས་ལས་ལམ་གསར་གཏོད་བྱེད་པའི་སྙིང་སྟོབས་དར་སྤེལ་དང་གསར་འཛུགས་བྱེད་ཚུལ་འགྲེམ་སྟོན་བྱེད་ཡོད།

གློག་བརྙན་འདི་ནི་ད་ལོའི་ཟླ་3པའི་ནས་ཟླ་9པའི་བར་ཕབ་སྐྲུན་བྱེད་རྒྱུ་ཡིན།