སེམས་ཀྱི་ཉི་ཟླ་རྫོང་གི་མཁའ་རླུང་གི་སྤུས་ཚད་ཡོངས་སུ་རྩེ་གྲས་ཡིན་པ།

རྩོམ་པ་པོ།   མི་གསལ།   ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    ཡུན་ནན་དྲ་བར་འབྱོར་བའི་གནས་ཚུལ་ལ་གཞིགས། ཉེ་སྔོན། ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་གིས་ན་ནིང་ཟླ་11པའི་མཐོ་སྒང་གི་མཚེའུ་ཆེན་པོ་ཁག་9ཡི་ཆུ་བཟང་ངན་གྱི་ལྟ་ཞིབ་ཚད་ལེན་གྱི་ཟླ་རེའི་དུས་དེབ་དང་། ཞིང་ཆེན་ཡོངས་ཀྱིས་གྲོང་ཁྱེར་གཙོ་བོའི་མཁར་རླུང་གི་སྤུས་ཚད་སོགས་ཁོར་ཡུག་སྤུས་ཚད་ལྟ་ཞིབ་ཚད་ལེན་གྱི་གནས་ཚུལ་ཁྱབ་བསྒྲགས་བཏང་བ།
  ལྟ་ཞིབ་ཚད་ལེན་བྱེད་པའི་གྲུབ་འབྲས་ཀྱིས་མཚོན་དོན། ཟླ་11པར་སེམས་ཀྱི་ཉི་ཟླའི་མཁའ་རླུང་གི་སྤུས་ཚད་ཡོངས་སུ་རྩེ་གྲས་ཡིན་པ་དང་། ཏ་ལི་གྲོང་ཁྱེར་དང་ཕུའུ་ཨེར་གྲོང་ཁྱེར་གཉིས་ཀྱི་མཁའ་རླུང་གི་སྤུས་ཚད་ཀྱང་རྩེ་གྲས་ཡིན་པ། དེ་ལས་གཞན་གྱི་གྲོང་ཁྱེར་ཚང་མའི་མཁར་རླུང་གི་སྤུས་ཚད་ཚད་དང་མཐུན་པ་རེད།(སྒྲོལ་མ་གཡང་མཚོས་བསྒྱུར།)