སེམས་ཀྱི་ཉི་ཟླ་རྫོང་གིས་“སྦགས་བཙོག་དཀར་པོ་”ལ་བཀག་སྡོམ་བྱེད་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    ཉེ་སྔོན། སེམས་ཀྱི་ཉི་ཟླ་རྫོང་ཁོར་ཡུག་སྲུང་སྐྱོང་ཅུས་ཁྲིམས་འཛིན་རུ་ཁག་གིས་རྫོང་མཁར་གྱི་གྲོང་སྡེའི་ཚོང་ར་རུ་དུས་ཡུན་གཟའ་འཁོར་གཉིས་རིང་གི་“སྦགས་བཙོག་དཀར་པོ་ལ་བཀག་སྡོམ་བྱེད་པའི་” ཆེད་དམིགས་ལེགས་སྒྲིག་བྱེད་པ།
“སྦགས་བཙོག་དཀར་པོ་ལ་བཀག་སྡོམ་བྱེད་པའི་” ཆེད་དམིགས་ལེགས་སྒྲིག་ལས་ཀ་སྒྲུབ་པའི་ཁྲོད་དུ། ཁྲིམས་འཛིན་མི་སྣ་6གིས་གྲོང་སྡེའི་ཚོང་ར་རུ་སྤོས་འགྱིག་ཁུག་མ་ཉུང་ཙམ་མཐོང་ཞིང་། འཕྲལ་དུ་གཞུང་བཞེས་བཏང་བ་དང་སྤོས་འགྱིག་ཁུག་མ་སྤྱོད་པའི་མི་སྣ་ལ་ནན་ཏན་གྱིས་སྤོས་འགྱིག་ཁུག་མའི་སྦགས་བཙོག་གི་གནོད་སྐྱོན་དང་འབྲེལ་ཡོད་ཁྲིམས་སྲོལ་དྲིལ་བསྒྲགས་དང་སློབ་གསོ་བྱས་པ་རེད།
གོམ་སྟབས་རྗེས་མར། ཅུས་འདི་ཡིས་“སྦགས་བཙོག་དཀར་པོ་ལ་བཀག་སྡོམ་བྱེད་པའི་”ལས་ཀ་དེ་མགྲོན་ཁང་དང་KTVསོགས་ལ་རྒྱ་སྐྱེད་ནས་སྒྲུབ་རྒྱུ། (སྒྲོལ་མ་གཡང་མཚོས་བསྒྱུར།)