རང་ཁུལ་གྱིས་ཁོར་ཡུག་ཕྱོགས་བསྡུས་ལེགས་སྒྲིག་ལ་ཤུགས་བསྣན་པ།

རྩོམ་པ་པོ།   མི་གསལ།   ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    ཉེ་སྔོན། རང་ཁུལ་གྱི་རྫོང་གསུམ་ཆུས་གཅིག་གིས་ཧུར་ཐག་ངང་“ཁོར་ཡུག་ལ་ཕྱོགས་བསྡུས་ལེགས་སྒྲིག་བྱས་ནས། མཛེས་པའི་བདེ་ཆེན་འཛུགས་པའི་”ཆེད་དམིགས་བྱ་འགུལ་བསྡུས་ཏེ། ལྟ་ཞིབ་ཚོ་ཆུང་སྒྲིག་འཛུགས་བྱས་ཤིང་ཁོར་ཡུག་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ་རེད།
  ཉེ་སྔོན། ཁུལ་ཨུའི་ལྟ་ཞིབ་ཚོ་ཆུང་གིས་འཇོལ་རྫོང་དང་འབའ་ལུང་རྫོང་། དཔལ་འབྱོར་གསར་སྤེལ་ཆུས་བཅས་ལ་“ཁོར་ཡུག་ལ་ཕྱོགས་བསྡུས་ལེགས་སྒྲིག་བྱས་ནས།མཛེས་པའི་བདེ་ཆེན་འཛུགས་པའི་”ཆེད་དམིགས་བྱ་འགུལ་བསྡུས་པའི་གནས་ཚུལ་སོགས་ལ་ལྟ་ཞིབ་བྱས་པ།
  ལྟ་ཞིབ་བྱེད་པའི་ཁྲོད་དུ། ལྟ་ཞིབ་ཚོ་ཆུང་གིས་ཞིབ་ཕྲའི་ངང་ཁོར་ཡུག་ཕྱོགས་བསྡུས་ལེགས་སྒྲིག་བྱ་འགུལ་བསྡུས་པའི་ཚུན་གྱི་འགྱུར་ལྡོག་དང་གནད་དོན་ལ་རྒྱུས་ལོན་བྱས་པ། ལྟ་ཞིབ་ཚོ་ཆུང་གིས་གང་ཐུབ་ཀྱིས་རིམ་པ་ཁག་གི་སྟོབས་ཤུགས་གཅིག་བསྡུས་བྱས་ནས་ཁོར་ཡུག་ཕྱོགས་བསྡུས་ལེགས་སྒྲིག་བྱས་ཏེ། མཛེས་པའི་བདེ་ཆེན་འཛུགས་པའི་”ཆེད་དམིགས་བྱ་འགུལ་ལ་དམ་འཛིན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
  ཟླ་1པོའི་ཚེས་5ཉིན། འཇོལ་རྫོང་གིས་ཁོར་ཡུག་ལ་ཕྱོགས་བསྡུས་ལེགས་སྒྲིག་བྱས་ནས། མཛེས་པའི་བདེ་ཆེན་འཛུགས་པའི་”ཆེད་དམིགས་གྲོས་ཚོགས་འཚོགས་ཏེ། དུས་རིམ་སྔ་མའི་ཆེད་དམིགས་ཚོ་ཆུང་གིས་ལས་ཀ་སྒྲུབ་པའི་གནས་ཚུལ་ལ་ཉན་པ་དང་། གནས་ཡོད་པའི་གནད་དོན་ལ་ཞིབ་མཇུག་དང་དབྱེ་ཞིབ་བྱས།
  གྲོས་ཚོགས་ཀྱི་ཐོག་ཏུ། གྲོང་ཁྱེར་གྱི་སྤྱི་པའི་ནུས་པ་འཐུས་ཚང་དུ་གཏོང་བ་དང་སྤུས་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ལས་བྱེད་ཚོ་ཆུང་12དང་། ཤང་དང་གྲོང་རྡལ་8ཀྱིས་དུས་རིམ་དང་པོའི་ལས་ཀའི་སྙན་སེང་ཞུ་བ་དང་གནས་ཡོད་པའི་གནད་དོན་བཏོན་པ། དུས་རིམ་རྗེས་མར། འཇོལ་རྫོང་གིས་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་ཞིང་། རྒྱུད་མཐུད་ཀྱིས་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱིས་ཁོར་ཡུག་གི་ཕྱོགས་བསྡུས་ལེགས་སྒྲིག་ལས་ཀར་ཞུགས་པའི་ཧུར་ཐག་རང་བཞིན་དང་རང་འགུལ་རང་བཞིན་ལ་སྐུལ་མ་གཏོང་རྒྱུ་རེད།
  ཟླ་1པོའི་ཚེས་6ཉིན། འབའ་ལུང་རྫོང་གིས་ཁོར་ཡུག་ལ་ཕྱོགས་བསྡུས་ལེགས་སྒྲིག་བྱས་ནས། མཛེས་པའི་བདེ་ཆེན་འཛུགས་པའི་”བྱ་འགུལ་གྱི་སྐུལ་འདེད་ཚོགས་འདུ་འཚོགས་ནས། གནད་དོན་ལས་ཀ་གཙོ་བོར་འཛིན་ཏེ། ཁོར་ཡུག་གི་ཕྱོགས་བསྡུས་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ་རེད།
  འབའ་ལུང་རྫོང་གིས་འགོ་ཁྲིད་ཀྱིས་འབྲེལ་གཏུག་བྱེད་པའི་འགན་ལེན་ལམ་ལུགས་བཙུགས་ནས། འགོ་ཁྲིད་ཀྱིས་ཁོར་ཡུག་ལ་ཕྱོགས་བསྡུས་ལེགས་སྒྲིག་ལ་སྣེ་ཁྲིད་བྱེད་པའི་ལས་ཀ་དོན་འཁྱོལ་བྱེད་རྒྱུ་དང་། འགན་ལེན་རྩད་གཅོད་ལམ་ལུགས་ནན་ཏན་དུ་བྱེད་རྒྱུ། ལྟ་ཞིབ་ཚོ་ཆུང་བཙུགས་ནས། ཁོར་ཡུག་ཕྱོགས་བསྡུས་ལེགས་སྒྲིག་ལས་ཀར་ལྟ་ཞིབ་བྱེད་རྒྱུ། སྐོར་གཟིགས་བྱེད་ཤུགས་ཆེ་རུ་བཏང་ནས། ཁོར་ཡུག་ཕྱོགས་བསྡུས་ལེགས་སྒྲིག་ལས་ཀར་མངོན་གསལ་དུ་རྟོག་ཞིབ་དང་མངོན་ཆུང་དུ་རྩད་གཅོད་བྱེད་རྒྱུ་ཡིན་ཞིང་། གླེང་ཕྱོགས་ལ་ཤུགས་བསྣན་ཏེ།གནས་ཡོད་པའི་གནད་དོན་དུས་ཐོག་ཏུ་ཐེར་འདོན་བྱེད་རྒྱུ་རེད།(སྒྲོལ་མ་གཡང་མཚོས་བསྡུས།)