གྲོག་རོང་ཆེན་མོའི་གཞུང་ལམ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 


གྲོག་རོང་ཆེན་མོའི་གཞུང་ལམ།

 


ཡུལ་མིའི་ཁང་བ།

   

    ཉེ་སྔོན།  གཏེར་མ་རོང་གཞུང་ལམ་གྱི་སྐབས་དང་པོའི་ལས་གྲྭའི་ལམ་ངོས་དང་གཞུང་ལམ་གཞོགས་གཉིས་ལས་གྲྭ་བཟོ་ཐོན་པས།ད་ལྟར་གཞུང་ལམ་འདི་རི་ཚོགས་གཡང་གཟར་བར་དུ་འབྲི་བའི་འཁྱོག་ཐིག་ལྟ་ན་སྡུག་པ་ཞིག་དང་འདྲ་ཞིང་། གཏེར་མ་རོང་ཆུ་ཆེན་གྱི་གཡས་གཡོན་དུ་ཆགས་པ།
        གཏེར་མ་རོང་གཞུང་ལམ་གྱི་གཡན་གཡོན་དུ་ཉི་འོད་གྲོག་རོང་གི་རྣམ་པ་དང་གྲོག་རོང་ཆེན་པོའི་མཛེས་ལྗོངས། གནའ་སྔ་མོའི་གྲོང་སྡེ་སོགས་མཛེས་ལྗོངས་མང་པོ་ཡོད་དེ།   གཏེར་མ་རོང་ཆུ་བོ་དང་གཏེར་མ་རོང་གཞུང་ལམ།  གཏེར་མ་རོང་གྲོག་རོང་ཆེན་པོ་སོགས་ནི་ལྗོངས་ཁུལ་གྱི་རིས་མོ་མཛེས་པོ་ཞིག་ཏུ་ཆགས་ཡོད།
        “གཏེར་མ་རོང་ཤང་ནི་སེམས་ཀྱི་ཉི་ཟླ་རྫོང་གི་ནང་དུ་གཞུང་ལམ་ཤར་གཏོང་སྔ་བའི་ཤང་ཞིག་ཡིན།  དུས་མཚུངས་སུ་མཐའ་མར་གཞུང་ལམ་ཤར་གཏོང་ཐུབ་པའི་ཤང་ཞིག་ཀྱང་ཡིན།  རྒྱུ་མཚན་ནི་དུས་རབས་སྔ་མའི་ལོ་རབས་དྲུག་ཅུའི་སྐབས་སུ།     ཞིང་ཆེན་གཞུང་ལམ་ཡུན་ནན་རྒྱལ་ཐང་ནས་སི་ཁྲོན་ཕྱག་ཕྲེང་བར་དུ་གཞུང་ལམ་ཤར་གཏོང་ཐུབ་རྗེས།      གཏེར་མ་རོང་མི་དམངས་ཀྱིས་ཏང་དང་སྲིད་གཞུང་གིས་རོགས་སྐྱོར་བྱས་འོག   རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱི་སྙིང་སྟབས་དར་སྤེལ་བཏང་ནས།     གངས་རི་ཆེན་པོ་ནས་གཏེར་མ་རོང་ཤང་བར་དུ་རིང་ཚད་སྤྱི་ལེ་50ལྷག་ཟིན་པའི་གཞུང་ལམ་ཞིག་བཟོས་པ་རེད།   ལོ་རེའི་དགུན་ཁ་དང་དཔྱིད་ཀའི་འབྲེལ་མཚམས་སུ།  ཁ་ཞུ་དཀའ་བའི་རྐྱེན་གྱིས་གཏེར་མ་རོང་ལ་ལོ་གཅིག་ནང་འཁོར་ལོ་ཤར་གཏོང་ཐུབ་པའི་དུས་ཚོད་ནི་ལོ་ཕྱེད་ལས་མེད་དེ།  ས་ཆ་དེ་དག་གི་ཡུལ་མིའི་ཐོན་སྐྱེད་འཚོ་བར་དཀའ་ངལ་བྱུང་བ་” གཏེར་མ་རོང་ཤང་གི་ཏང་ཨུའི་ཧྲུའུ་ཅི་ཀྲའོ་ཞུའེ་ཧྥེང་གིས་འདི་འདྲ་བཤད་པ། ཏན་ཁྲོན་བར་གྱི་འགྲོ་ལམ་ཤར་གཏོང་ཐུབ་ཆེད།  མིག་སྔར་གཏེར་མ་རོང་གཞུང་ལམ་གྱི་སྐབས་དང་པོའི་ལས་གྲྭས་གཏེར་མ་རོང་ནས་སི་ཁྲོན་སྡེ་རོང་རྫོང་ངལ་རྩོལ་ཟམ་པའི་བར་དུ་གཞུང་ལམ་ཤར་གཏོང་ཐུབ་སྟེ།   འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་གཏོང་ཡོད།
        ཀྲའོ་ཞུའེ་ཧྥེང་གིས་གཏེར་མ་རོང་གཞུང་ལམ་གྱི་དུས་སྐབས་གཉིས་པའི་ལས་འགོ་ཚུགས་ཏེ།  ཕྱོགས་ཡོངས་ནས་གཏེར་མ་རོང་གི་ཆུ་སྟོད་གྲོང་སྡེ་ནས་སི་ཁྲོན་ཕྱག་ཕྲེང་དོམ་སྲུང་གི་སྤྱི་ལེ་50རིང་བའི་རི་ལམ་བཟོ་འགྲུབ་རྗེས།    སེམས་ཀྱི་ཉི་ཟླ་རྫོང་མཁར་ནས་ཕྱག་ཕྲེང་ལ་ཆུ་ཚོད་བཞི་ཙམ་སྤྱོད་ན་སླེབས་ཐུབ་རྒྱུ་དང་།    གཏེར་མ་རོང་ཤང་གི་ཤང་ཀྲང་ཁང་ཀྲུང་ཧྲིང་གིས་དུས་སྐབས་གཉིས་པའི་གཞུང་ལམ་བཟོ་ཚར་རྗེས།     གཏེར་མ་རོང་གི་རོང་ཁུང་དེ་གུང་གསེང་གཏོང་ཡུལ་ལེགས་པོ་ཞིག་ཏུ་འགྱུར་ཐུབ་རྒྱུ་རེད་ཅེས་བཤད་པ་རེད།