ཡུན་ནན་གྱི་ལྗོངས་ཁུལ་ལྔ་རྒྱལ་ཁབ་རིམ་པའི་5Aལྗོངས་ཁུལ་དུ་ཡིག་ཐོག་སྙན་ཞུ་ཞུས་པ།

རྩོམ་པ་པོ།   སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    མིག་སྔའི་བར་དུ།  ཡུན་ནན་ཞིང་ཆེན་གྱི་བདེ་ཆེན་སུམ་རྩེན་གླིང་ལྗོངས་ཁུལ་སོགས་ཁྱོན་བསྡོམས་ལྗོངས་ཁུལ5ཡིས་རྒྱལ་ཁབ་5Aརིམ་པའི་ལྗོངས་ཁུལ་དུ་ཡིག་ཐོག་སྙན་ཞུ་ཞུས་པ་རེད། ད་ལྟར་ཞིང་ཆེན་རིམ་པའི་ཡུལ་སྐོར་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་ཞུ་དག་དང་པོའི་ཁས་བླངས་ཐོབ་ནས།   རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་ཞུ་དག་མཐའ་མར་སྒུག་བཞིན་ཡོད།  

    5Aལྗོངས་ཁུལ་དུ་ཡིག་ཐོག་སྙན་ཞུ་ཞུས་པའི་ལྗོངས་ཁུལ་ལྔ་ནི་པའོ་ཧྲན་གྲོང་ཁྱེར་གྱི་ཐིང་ཁྲུང་ཚ་མཚོའི་ལྗོངས་ཁུལ་དང་།ཏ་ལི་གནའ་གྲོང་ལྗོངས་ཁུལ།   ཁུན་མིང་གི་འཛམ་གླིང་དངོས་མང་བཤམས་སྟོན་ལྡུམ་ཁུར་ལྗོངས་ཁུལ་དང་།   བདེ་ཆེན་སུམ་རྩེན་གླིང་ལྗོངས་ཁུལ།    ཁུན་མིང་ཤི་ཧྲན་ཡུན་ནན་མི་རིགས་གྲོང་སྡེའི་ཡུལ་སྐོར་ས་ཁུལ་བཅས་ཡིན།   

    5Aལྗོངས་ཁུལ་ནི་ཚད་ལྡན་རང་བཞིན་གྱི་སྤུས་ཚད་རིམ་པའི་དཔྱད་བསྡུར་གཏན་འབེབས་ཀྱི་སྒྲིག་གཞི་ཞིག་ཡིན་ཏེ།  རྒྱལ་ཡོངས་ཀྱི་ཡུལ་སྐོར་ལྗོངས་ཁུལ་གྱི་མཚན་སྙན་རིམ་པ་མཐོ་ཤོས་ཡིན།  གཞུང་ཕྱོགས་ཀྱིས་དེར་དཔྱད་བསྡུར་གཏན་འབེབས་བྱེད་པར་གཟབ་ནན་གྱི་གོ་རིམ་ཡོད།  སྲིད་གཞུང་གི་ཡིད་རྟོན་སྟོབས་ཤུགས་ཀྱིས་དེར་འགན་ལེན་བྱེད་བཞིན་ཡོད་དེ།  འཛམ་གླིང་རིམ་པའི་ཡུལ་སྐོར་སྤུས་ཀ་དང་ཀྲུང་གོའི་ཡུལ་སྐོར་སྤུས་ལེགས་ལྗོངས་ཁུལ་གྱི་ཚད་རྒྱུག་མཚོན་ཡོད།    ལྗོངས་ཁུལ་གྱིས་5Aསྙན་ཞུ་པའི་དཔྱད་བསྡུར་གཏན་འབེབས་དཀའ་ཚད་ཀྱི་རྟག་གྲངས་དེ་འཛམ་གླིང་ཤུལ་རྒྱུན་ཡིག་ཐོག་སྙན་ཞུ་དང་འདྲ་བ་རེད།

     རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཡུལ་སྐོར་ལྗོངས་ཁུལ་གྱི་སྒོ་འཛིན་རིན་གོང་ལོ་གསུམ་རེར་ལེགས་སྒྲིག་ཐེངས་གཅིག་བྱེད་ཆོག་པ་དང་།  བབ་མཐུན་གྱིས་སྙན་ཞུ་འདོན་སྤྲོད་བྱེད་དགོས་པའི་གཏན་འབེབས་བྱས་ཡོད་པ་རེད།