ཀུའེ་ཀྲོའུ་ཨན་ཧྲུན་སློབ་གླིང་གི་སློབ་མས་ཟླ་འོད་ཐང་ཆེན་དུ་གཟུགས་དངོས་འབྲི་བཞིན་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    

    ཟླ་5པའི་ཚེས་14ཉིན་གྱི་ཕྱི་དྲོར། ཀུའེ་ཀྲོའུ་ཨན་ཧྲུན་སློབ་གླིང་གི་2013ལོ་རིམ་གྱི་མཛེས་རྩལ་ཆེད་ལས་ཀྱི་སློབ་མ་100ལྷག་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྡོ་མཁར་རྫོང་གི་ཟླ་འོད་ཐང་ཆེན་དུ་གཟུགས་དངོས་འབྲི་བཞིན་པ། སློབ་མས་ངོ་སྤྲོད་བྱས་ཚུལ་ལ་གཞིགས་ན། སེམས་ཀྱི་ཉི་ཟླ་དང་ཏ་ལི་ནི་ཁོང་ཚོས་ཐེངས་འདིར་ཡུན་ནན་དུ་གཟུགས་དངོས་འབྲི་བའི་དམིགས་ཡུལ་ས་ཆ་གཙོ་བོར་བདམས་ཡོད་དེ། ཟླ་བ་1ལྷག་གི་དུས་ཚོད་ནང་ས་ཆ་གཉིས་ཀྱི་མཛེས་ལྗོངས་རི་མོར་ཕབ་སྟེ་མི་ཚོ་གང་མང་ལ་སྤྱན་གཟིགས་བྱེད་དུ་འབུལ་འཆར་ཡོད་པ་རེད།