ནགས་ཕག་མཚོ་རྒྱལ་སྤྱིའི་རློན་སའི་དང་བླངས་པའི་ཞབས་ཞུ་རུ་ཁག་འཛུགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།   

ཟླ་12པའི་ཚེས་13ཉིན།   སེམས་ཀྱི་ཉི་ཟླ་རྫོང་ནགས་ལས་ཅུས་དང་ནགས་ཕག་མཚོ་རང་བྱུང་སྲུང་སྐྱོང་ཁུལ་གྱི་དོ་དམ་སུའོ། སེམས་ཀྱི་ཉི་ཟླའི་ལས་རིགས་ལག་རྩལ་སློབ་གླིང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གུང་བདེ་ཆེན་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་གུང་གཞོན་ཚོགས་པ་བདེ་ཆེན་ཁུལ་ཨུས་སྒྲུབ་རོགས་བྱས་པ།     ཀྲུང་གོའི་ཆུ་སློབ་གྲྭ་ཡུན་ནན་(སེམས་ཀྱི་ཉི་ཟླ་)ས་ཁུལ་གྱི་མཐུན་སྦྱོར་ལྟེ་གནས།    སེམས་ཀྱི་ཉི་ཟླའི་སྤྱི་ཕན་དང་བླངས་པའི་མཐུན་ཚོགས་ཀྱིས་སྒྲུབ་འགན་འཁུར་ལེན་བྱས་པའི་2014ལོའི་ནགས་ཕག་མཚོའི་རྒྱལ་སྤྱིའི་གལ་ཆེའི་རློན་སའི་མཉམ་འབྲེལ་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་བྱ་འགུལ་ནགས་ཕག་མཚོར་བསྡུས་པ།     འབྲེལ་ཡོད་འགན་འཁུར་བས་ནགས་ཕག་མཚོ་རྒྱལ་སྤྱིའི་གལ་ཆེའི་རློན་སའི་དང་བླངས་པ་ཞབས་ཞུའི་རུ་ཁག་འཛུགས་པ།
        བྱེད་སྒོ་བསྡུ་བའི་ཉིན་དེར།“བདེ་ཆེན་སེམས་ཀྱི་ཉི་ཟླའི་སྤྱི་ཕན་དང་བླངས་པའི་མཐུན་ཚོགས་ཀྱི་འབྲེལ་གཏུག་བྱེད་ས་”དང་།“ཀྲུང་གོ་ཆུ་སློབ་གྲྭའི་རི་ཐང་སློབ་སྦྱོང་ལག་བསྟར་རྟེན་གཞི”    “ཀྲུང་གོ་ཆུ་སློབ་གྲྭའི་ཡུན་ནན་ས་ཁུལ་གྱི་མཐུན་སྦྱོར་ལྟེ་གནས་ཀྱི་དང་བླངས་པའི་འབྲེལ་གཏུག་བྱེད་སའི་”སྒོ་བྱང་འགེལ་བའི་མཛད་སྒོ་འབྱེད་པ།   དུས་མཚུངས་སུ་“བྱིའུ་ལ་དགའ་ཞིང་བྱིའུ་སྲུང་སྐྱོང་བྱེད་པ་དང་།  རློན་ས་སྲུང་སྐྱོང་བྱེད་པའི་”མིང་འགོད་བྱེད་སྒོ་བསྡུས་པ་རེད།



        “སློབ་མ་ཞིག་ཡིན་པས་དེ་རིང་གི་ཁོར་ཡུག་སྲུང་སྐྱོང་བྱེད་པའི་སྤྱི་ཕན་བྱེད་སྒོར་ཞུགས་ཐུབ་པས་ཤིན་ཏུ་དགའ་པོ་བྱུང་། བྱིའུ་ནི་ང་ཚོའི་གྲོགས་པོ་ཡིན་ཞིང་།  ང་ཚོ་ཚང་མས་བྱིའུ་ལ་སྲུང་སྤྱོང་བྱེད་དགོས་པ་རེད།” སེམས་ཀྱི་ཉི་ཟླ་སློབ་འབྲེང་གཉིས་པའི་ལོ་རིམ་གཉིས་པའི་སློབ་མ་ཞུའེ་ཡུས་ཀྱིས་འདི་འདྲ་བཤད་བྱུང་།
        མིང་འགོད་པའི་བྱེད་སྒོ་རྫོགས་རྗེས། སློབ་མ་ཚོ་དང་དང་བླངས་པས་ཡན་ལག་རུ་ཁག་ཁག་5བགོས་ཏེ་སྦྱག་མ་སོགས་ལག་ཆས་འཁྱེར་ཞིང་ནགས་ཕག་མཚོའི་མཐའ་སྐོར་དུ་གད་སྙིགས་གཙང་སེལ་བྱས་པ་རེད།
        སེམས་ཀྱི་ཉི་ཟླའི་ལས་རིགས་སློབ་གླིང་གི་སློབ་མ་དབྱི་ལུའི་ཅའོ་ཡིས་རང་ཉིད་ཀྱི་སྟོབས་ཤུགས་བཏོན་ཏེ་བྱིའུ་དང་ཁོར་ཡུག་སྲུང་སྐྱོང་བྱེད་དེ་ཤིན་ཏུ་དགའ་པོ་བྱུང་ཞེས་བཤད་བྱུང་།
        ཤེས་གསལ་བྱུང་དོན།  ནགས་ཕག་མཚོའི་རློན་ས་ནི་བདེ་ཆེན་ཁུལ་མངའ་ཁོངས་ནང་གི་རྒྱལ་སྤྱིའི་གལ་ཆེའི་རློན་ས་ཞིག་ཡིན་ཞིང་། བྱིའུ་རིགས་ཀྱིས་གནས་སྤོ་བའི་ཁྲོད་དུ་ངལ་གསོ་བྱེད་ས་ཞིག་ཀྱང་ཡིན།  ནགས་ཕག་མཚོ་སྲུང་སྐྱོང་ཁུལ་དང་མཐའ་སྐོར་གྱི་རི་ཁུལ་གྱིས་ཁྱོན་བསྡོམས་རྣམ་གྲངས་14དང་ཚན་པ་32ཀྱི་བྱིའུ་རིགས་132ཐོ་འགོད་བྱས་ཡོད།    དེའི་ནང་ཀྲུང་གོའི་ćརིམ་པའི་གལ་ཆེའི་སྲུང་སྐྱོང་བྱིའུ་རིགས་ཁྲུང་ཁྲུང་སྐེ་ནག་སོགས་སྣ་5ཡོད་པ་དང་། ཀྲུང་གོའི་ņརིམ་པའི་གལ་ཆེའི་སྲུང་སྐྱོང་བྱིའུ་རིགས་སྣ་17ཡོད།    ལོ་རེ་བཞིན་གྱི་དགུན་ཁར་ཆུ་བྱ་ཁྲི་2ཙམ་དེར་གནས་ཡོད།
        ནགས་ཕག་མཚོ་རང་བྱུང་དོ་དམ་སུའོ་ཡི་སུའོ་ཀྲང་ཧོ་ཧྲའོ་ཡིའུ་ཡིས་ངོ་སྤྲོད་བྱས་པ་ལྟར་ན།   ཉེ་བའི་ལོ་འགའི་རིང་།   བཟོ་ལས་ཀྱི་གསར་གཏོད་དང་ཚད་བརྒལ་གྱིས་ཕྱུགས་འཚོ་བ་སོགས་ཀྱིས་ནགས་ཕག་མཚོ་རློན་སའི་རྒྱ་ཁྱོན་ལོ་རེ་བཞིན་ཆུང་བོར་གྱུར་ཞིང་།    ས་ངོས་ཆར་ཆུ་བཞུར་རྒྱུག་ཐེབས་པ་དང་འཚོ་བའི་གད་སྙིགས་ཀྱི་གནོད་སྐྱོན་ཇེ་ལྗིད་དུ་སོང་སྟེ།  རློན་སའི་ཆུ་གཤིས་ཞན་པར་གྱུར་བས།  བྱིའུ་རིགས་ལ་གནོད་སྐྱོན་བྱུང་ཡོད།  ཐེངས་འདིའི་བྱེད་སྒོ་བསྡུས་ནས།  སྤྱི་ཚོགས་ལས་རིགས་ཁག་གི་སྟོབས་ཤུགས་སྡེབ་སྒྲིག་བྱས་ཏེ། མཉམ་དུ་རློན་ས་སྲུང་སྤྱོང་བྱེད་པ་དང་གོང་སྤེལ་གཏོང་བར་སེམས་ཁུར་བྱེད་ཅིང་།  “ཕྱོགས་མང་གིས་མཉམ་ལས་བྱེད་པ་དང་།  དམངས་ཡོངས་ཞུགས་པ། མཉམ་དུ་འབད་བརྩོན་བྱེད་པ། མཉམ་དུ་འཆམ་མཐུན་འཛུགས་པའི”གནས་ཚུལ་གསར་པ་ཞིག་གཏོད་པའི་རེ་བ་བཏོན་པ་རེད།
        བདེ་ཆེན་ཁུལ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭ་དང་སེམས་ཀྱི་ཉི་ཟླ་རྫོང་སློབ་འབྲིང་གཉིས་པ།  སེམས་ཀྱི་ཉི་ཟླ་རྫོང་མི་རིགས་སློབ་ཆུང་།  རྡོ་མཁར་རྫོང་སློབ་ཆུང་། ཉི་ཤར་སློབ་ཆུང་། གནམ་སྔོན་པོའི་རོགས་སྐྱོབ་བདེ་ཆེན་སེམས་ཀྱི་ཉི་ཟླའི་རུ་ཁག་འབྲིང་བ།  སེམས་ཀྱི་ཉི་ཟླའི་རིག་གཞུང་ལྷན་ཚོགས།   སེམས་ཀྱི་ཉི་ཟླའི་ཁོར་ཡུག་གཙང་སྦྲའི་དོ་དམ་ས་ཚིགས་བཅས་ཀྱི་སློབ་མ་དང་དང་བླངས་པ།  ནགས་ཕག་མཚོ་མཐའ་སྐོར་སྡེ་ཁུལ་གྱི་ཡུལ་མིའི་འཐུས་མི་བཅས་བྱེད་སྒོར་ཞུགས་པ་རེད།