ཟླ་སྔོན་གྲོག་རོང་དུ་ལམ་ཐིག་9པའི་སྤྱི་སྤྱོད་འཁོར་ལོ་ཤར་གཏོང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     ཟླ་12པའི་ཚེས་9ཉིན།    ཟླ་སྔོན་གྲོག་རོང་ལྗོངས་ཁུལ་ལ་ལམ་ཐིག་9པའི་སྤྱི་སྤྱོད་འཁོར་ལོ་དངོས་སུ་ཤར་གཏོང་ཐུབ་པ།  སེམས་ཀྱི་ཉི་ཟླའི་ཟླ་སྔོན་གྲོག་རོང་དུ་ཡོང་བའི་ཡུལ་སྐོར་བ་དང་ལྗོངས་ཁུལ་འགྲམ་དུ་གནས་པའི་མང་ཚོགས་ཀྱི་འགྲིམ་འགྲུལ་ལ་སྟབས་བདེ་སྤྲད་པ་རེད།
        ཤེས་གསལ་བྱུང་དོན།     ལམ་ཐིག་9པའི་སྤྱི་སྤྱོད་འཁོར་ལོའི་འགོ་ཚུགས་ས་ནི་སེམས་ཀྱི་ཉི་ཟླའི་འགྲུལ་སྐྱེལ་ས་ཚིགས་ཡིན་པ་དང་། མཐར་ཐུག་གི་འབབ་ཚུགས་ནི་ཟླ་སྔོན་གྲོག་རོང་ཡིན།     དེའི་བར་དུ་ཤམ་བྷ་ལ་ལམ་ཆེན་དང་རྫོང་རྒྱང་བསྒྲགས་བརྙན་འཕྲིན་ཁང་།  དཀྱིལ་འཁོར་ཐང་ཆེན།  ལུང་ཧྥེང་ཞང་མགྲོན་ཁང་།   སེམས་ཀྱི་ཉི་ཟླ་མི་དམངས་སྨན་ཁང་།  ཆུ་ཚུལ་ཁ་ཁྲོམ་ལམ། ཟླ་བ་ལམ། ནགས་ཕག་མཚོའི་མཚོ་སྐོར་ལམ་གྱི་ལམ་མདོ་བཅས་ལ་བརྒྱུད་རྒྱུ།  མིག་སྔར།     མི་19སྡོད་ཆོག་པའི་འཁོར་ལོ་6ཡོད།  འཁོར་ལོ་ཐེངས་དང་པོ་གཏོང་བའི་དུས་ཚོད་ནི་ཞོགས་པའི་7:30ཡིན་པ་དང་། མཇུག་གཏོང་འཁོར་ལོའི་དུས་ཚོད་ནི་ཕྱི་དྲོའི་དུས་ཚོད་17:00ཡིན་ཏེ།ཆུ་ཚོད་རེ་རེར་འཁོར་ལོ་རེ་ཡོད། པ་སེའི་རིན་གོང་ལམ་དམ་བགོས་ཏེ་བླངས་པའི་བྱ་ཐབས་སྤྱོད་དེ། གྲོང་ཁྱེར་ནང་གི་མགྲོན་སྐྱེལ་ས་ཚིགས་ནས་འབྲུ་རིགས་ཅུས་ཀྱི་བར་དུ་སྒོར་1བླངས་རྒྱུ་དང་།     ནགས་ཕག་མཚོའི་མཚོ་སྐོར་ལམ་མདོའི་བར་དུ་སྒོར་2བླངས་རྒྱུ།    ཟླ་སྔོན་ལྗོངས་ཁུལ་གྱི་བར་དུ་སྒོར་3བླངས་རྒྱུ་རེད།  དུས་མཚུངས་སུ་བྱམས་བརྩིའི་སྤྱི་སྤྱོད་འཁོར་ལོའི་ཞབས་འདེགས་ཞུ་རྒྱུ་ཡིན་ཏེ།   ས་གནས་དེ་དག་གི་ལོ་60ཡན་ལོན་པའི་མི་རྒན་གྱིས་སྤྱི་སྤྱོད་འཁོར་ལོའི་བྱང་བུ་ཞིག་བཟོས་ནས། ཡོན་མི་དགོས་པས་སྡོད་ཆོག་པ་རེད། 
        འདི་ནི་སེམས་ཀྱི་ཉི་ཟླ་རྫོང་སྤྱི་སྤྱོད་འཁོར་ལོའི་སྔོན་ཐོན་གོང་འཕེལ་འཐབ་ཇུས་ཀྱི་དངོས་གཞིའི་བྱ་ཐབས་ཡིན་ཞིང་།      བདེ་ཆེན་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཚོགས་ཁག་ཀུང་སི་གྲོང་ཁྱེར་འགྲིམ་འགྲུལ་ཡན་ལག་ཀུང་སིས་འཁོར་སྐྱོད་ཚོང་གཉེར་བྱེད་པ་རེད།
        ཟླ་སྔོན་གྲོག་རོང་ནི་སེམས་ཀྱི་ཉི་ཟླ་རྫོང་རྒྱལ་ཐང་གྲོང་རྡལ་གྱི་ལྷོ་ནུབ་ཏུ་ཆགས་ཡོད་དེ།  རྫོང་མཁར་གྱི་བར་དུ་སྤྱི་ལེ་7ཡོད་ཅིང་།    དེ་ནི་ཁུལ་ནང་གི་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་དང་བར་དུ་ཐག་ཐུང་བའི་ཕྱོགས་བསྡུས་ཅན་གྱི་ཡུལ་སྐོར་ལྗོངས་ཁུལ་ཞིག་ཡིན་ལ།   མིག་སྔར་རང་ཁུལ་དུ་འབྲེང་འཁོར་ལྟ་སྐོར་ཐོག་སྡོད་ཐུབ་པའི་ཆ་རྐྱེན་ཡོད་པའི་སྐྱེ་ཁམས་དཔལ་ཡོན་གྱི་ཡུལ་སྐོར་ལྗོངས་ཁུལ་ཞིག་ཀྱང་ཡིན། ལམ་ཐིག་9པའི་སྤྱི་སྤྱོད་འཁོར་ལོ་ཤར་གཏོང་ཐུབ་པ་དེས།  ལྗོངས་ཁུལ་དུ་ཡོང་བའི་ཡུལ་སྐོར་བ་དང་ལྗོངས་ཁུལ་འགྲམ་དུ་གནས་པའི་མང་ཚོགས་ཀྱི་འགྲིམ་འགྲུལ་ལ་སྟབས་བདེ་སྤྲད་པ་རེད།
     གཞན་ཡང་ཤེས་གསལ་བྱུང་དོན།  ཟླ་སྔོན་གྲོག་རོང་གིས་ལོ་ཡོངས་སུ་བདེ་ཆེན་ཁུལ་གྱི་སྡོད་དམངས་ལ་སྒོ་འཛིན་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བྱེད་རྒྱུ་ཡིན་ཞིང་།    ས་གནས་དེ་དག་གི་ཐོབ་ཐང་ལག་ཁྱེར་འཁྱེར་ནས།    སྒོར་50སྤྱོད་དེ་ལྟ་སྐོར་འབྲེང་འཁོར་དུ་སྡོད་ཆོག་པ་རེད།