ཁ་བ་དཀར་པོར་ཉིན་རེ་ལ་ཡུལ་སྐོར་བ་མི་1000ལྷག་ཡོང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 “རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སླེབས་པའི་ཚུན་དུ། ནམ་མཁའ་དྭངས་ཤིང་ཉི་འོད་གསལ་པོ་བྱུང་སྟེ།    ཉིན་རེར་གནས་ཆེན་ཁ་བ་དཀར་པོར་པར་ལེན་པ་དང་ལྟ་སྐོར་དུ་ཡོང་བའི་ཡུལ་སྐོར་བ་མི་1000ལྷག་ཟིན་པ།”དགོན་པ་སྟེང་ལྗོངས་ཁུལ་དོ་དམ་ས་ཚིགས་ཀྱི་ཀྲན་ཀྲང་ཚེ་རིང་ནོར་བུ་ཡིས་འདི་འདྲ་བཤད་བྱུང་།
        ཤེས་གསལ་བྱུང་དོན།   རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སྐབས་སུ།  དགོན་པ་སྟེང་གི་མགྲོན་ཁང་ཚང་མར་ཡུལ་སྐོར་བས་གང་ཞིང་རྫོང་མཁར་ནང་གི་མགྲོན་ཁང་ཡང་གང་བ་རེད།  ཉིན་རེའི་དགོང་མོར།     ས་ཆ་གཞན་དག་གི་ཡུལ་སྐོར་བས་ཟ་ཁང་ཆེ་ཆུང་ཡོངས་སུ་འགྲོ་སྟེ་ས་ཆ་དེ་དག་གི་ཡུལ་ཟས་ཟ་བ་རེད།
        གླེགས་སྤངས་ལྗོངས་ཁུལ་དོ་དམ་ས་ཚིགས་ཀྱི་ཀྲན་ཀྲང་བཀྲ་ལྔ་བློ་བཟང་གིས་ངོ་སྤྲོད་བྱས་པ་ལྟར་ན།   རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་སྐབས་སུ་གླེགས་སྤངས་ལ་ཡོང་བའི་ཡུལ་སྐོར་བ་ཉིན་རེར་མི་1000ཡས་མས་ཟིན་ཏེ།     མགྲོན་ཁང་ཚང་མར་ཡུལ་སྐོར་བས་གང་འདུག      གུང་གསེང་གི་སྐབས་སུ། ཡུལ་སྐོར་བ་འགའ་ཡིས་ག་ས་གར་གད་སྙིགས་སྐྱུར་པས།  ལྗོངས་ཁུལ་ལ་གནོད་སྐྱོན་བྱུང་ཡོད་མོད།  འོན་ཀྱང་མང་ཆེ་བའི་ཡུལ་སྐོར་བས་རང་རྟོགས་ཀྱིས་གད་སྙིགས་རང་གིས་གྲ་སྒྲིག་བྱེད་པའི་ཁུག་མར་གསོག་ཅིང་དམིགས་འཛུགས་ཀྱི་གད་སྙིགས་སྐྱུར་ས་རུ་བསྐྱུར་བ་རེད། 
        གུང་གསེང་གི་སྐབས་སུ།  རྒྱལ་ལམ་214ལམ་ཐིག་ཏུ་འགྲོ་བའི་འཁོར་ལོ་མང་ཆེ་བ་ནི་རང་ཉིད་ཀྱིས་འཁོར་ལོ་གཏོང་ནས་གུང་གསེང་གཏོང་ཡོང་བའི་ཡུལ་སྐོར་བ་ཡིན་ཞིང་།     རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཡུལ་སྐོར་བས་འཇོལ་རྫོང་གི་ལྗོངས་ཁུལ་སོ་སོར་འཛོམས་ཡོད།



        འཇོལ་རྫོང་ཡུལ་སྐོར་ཅུས་ནས་ཤེས་གསལ་བྱུང་དོན།     ཟླ་10པའི་ཚེས་1ཉིན་ནས་ཚེས་6ཉིན་གྱི་བར་དུ།   འཇོལ་རྫོང་ལྗོངས་ཁུལ་ཁག་གི་མགྲོན་ཁང་དུ་སྡོད་ཚད་95%ཟིན་པ།  ལྷག་པར་དུ་དགོན་པ་སྟེང་གི་མགྲོན་ཁང་ལ་ཉིན་རེའི་དགོང་མོར་ཡུལ་སྐོར་བས་གང་འདུག  ཉིན་6རིང་ལྗོངས་ཁུལ་ཁག་གི་སྒོར་འཛིན་ཡོང་འབབ་སྒོར་ཁྲི80ཙམ་ཟིན་པ་དང་།  སྡེ་ཁུལ་ཡུལ་སྐོར་ཞབས་འདེགས་ཀྱི་ཡོང་འབབ་སྒོར་ཁྲི་110ཙམ་ཟིན་པ་རེད།