དཀར་མཛེས་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་ནས་ལས་ཞུགས་ཀྱི་དབུལ་སྐྱོར་ལས་ཀར་དམ་འཛིན་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        ཞིང་ཆེན་དང་ཁུལ་གྱི་ལས་ཞུགས་ཀྱི་དབུལ་སྐྱོར་ལས་ཀ་སྤྱི་ཡོངས་ཀྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱིས་ད་ལོ་ལོ་ཧྲིལ་པོའི་དམིགས་ཡུལ་དང་ལས་འགན་ལ་དམིགས་ནས་བྱེད་ཐབས་མང་པོ་སྤྱད་ནས་ལས་ཞུགས་ཀྱི་དབུལ་སྐྱོར་ལས་ཀར་དམ་འཛིན་བྱས་པ་རེད།
        སྤྱི་ཕན་རིགས་ཀྱི་ལས་གནས་ལ་མ་མཐའི་ལས་ཞུགས་བཀོད་སྒྲིག་བྱ་རྒྱུར་གསར་སྤེལ་བྱས་ཡོད།  ལས་ཞུགས་ཆེད་སྤྱོད་མ་དངུལ་དང་ཞིང་ལས་དང་འབྲེལ་བའི་མ་དངུལ་བེད་སྤྱོད་གང་ལེགས་བྱེད་པ་དང་།  འགྲིམ་འགྲུལ་དང་ཆུ་དོན།  རྒྱལ་ས་ཐོན་ཁུངས་དོ་དམ་སོགས་སྡེ་ཁག་གིས་སྤྱི་པའི་ཞབས་ཞུའི་ལས་གནས་ཐོན་ཁུངས་བསྡུ་སྒྲིག་བྱས་ཤིང་། སྤྱི་ཚོགས་བདེ་འཇགས་ཀྱི་གཞོགས་འདེགས་དོ་དམ་དང་གྲོང་གསེབ་ཀྱི་གཞུང་ལམ་སྲུང་སྐྱོང་བྱ་རྒྱུ།  ས་གཤིས་ཀྱི་གནོད་འཚེ་ལ་ལྟ་ཞིབ་ཚད་ལེན་སོགས་ཀྱི་སྤྱི་ཕན་རིགས་སུ་གཏོགས་པའི་ལས་གནས14300གསར་སྤེལ་བཏང་སྟེ་ངལ་རྩོལ་མི་ལག8812བཀོད་སྒྲིག་བྱས་པར་མ་ཟད།  ལས་གནས་སྤྲོད་པ་དང་སྤྱི་ཚོགས་འགན་བཅོས་སོགས་ཀྱི་ཐད་སྒོར་ཁྲི2200ལྷག་ཙམ་ཁ་གསབ་བྱས་པ་རེད།
        ངལ་ལས་ཕྱིར་གཏོང་དང་ལས་ཞུགས་གཞན་སྒྱུར་བྱས་ཡོད།  ཀོང་ཏུང་ཞིང་ཆེན་དང་ཏེ་དབྱང་གྲོང་ཁྱེར་དང་འབྲེལ་འདྲིས་མཉམ་ལས་བྱ་རྒྱུའི་ཐད་ཤུགས་སྣོན་པ་དང་།  ཏེ་དབྱང་གྲོང་ཁྱེར་དང་ངལ་ལས་དབུལ་སྐྱོར་མཉམ་ལས་གཞི་སྒྲོམ་གྱི་གྲོས་མཐུན་བཞག་པ་རེད།  ཁུལ་ཡོངས་ཀྱི་རྫོང་ཁག་སོ་སོར་ངལ་ལས་མངགས་གཏོང་བྱེད་མཁན་སྤྱི་གཉེར་ཁང12བཙུགས་ཡོད། ལྕགས་ཟམ་དང་རྟའུ།  འདབ་པ་སོགས་རྫོང་ཁག་གིས་མི་ཤུགས་ཐོན་ཁུངས་ཞབས་ཞུ﹙ངལ་ལས་མཚམས་སྦྱོར﹚སྤྱི་གཉེར་ཁང4དང་ཞོར་ལས་རུ་ཁག6སྒྲིག་འཛུགས་བྱས་པ་རེད། དབུལ་ཕོངས་ངལ་རྩོལ་པ22470ལས་ཞུགས་གཞན་སྒྱུར་བྱ་རྒྱུ་དོན་འཁྱོལ་བྱས་པ་རེད།  དེའི་ནང་རྫོང་ནང་དུ་མི19448སྤོ་སྒྱུར་བྱས་པ་དང་རྫོང་ཕྱིར་མི3022སྤོ་སྒྱུར་བྱས་ཡོད།   མི་གྲངས5042ངལ་ལས་ཕྱིར་གཏོང་བྱས་པ་རེད།དང་དབྱིས་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་ཐོན་རྫས།  རི་སྐྱེས་ཤ་མོའི་རིགས་བཅས་ཞིང་འབྲོག་བདག་གཉེར་གསར་གྲས་ཀྱི་གཙོ་བོ་ཡིན་པའི་ཞིང་འབྲོག་གྲོང་སྡེའི་ཆེད་ལས་མཉམ་ལས་རྩ་འཛུགས་བཙུགས་ཏེ། མང་ཚོགས་དབུལ་པོ2488ལས་ཞུགས་བྱེད་པར་རོགས་བྱས་པ་རེད།
        ལག་རྩལ་གསོ་སྦྱོང་བྱས་ནས་ལས་ཞུགས་ལ་སྐུལ་འདེད་བཏང་ཡོད། ལག་ལེན་དམར་ཁྲིད་ཀྱིས་གསོ་སྦྱོང་བྱ་རྒྱུ་གཙོ་བོར་བྱས་ཐོག་རིགས་པའི་གཞུང་ལུགས་གསོ་སྦྱོང་བྱ་རྒྱུས་གཞོགས་འདེགས་བྱས་ནས་གསོ་སྦྱོང་ཐད་ལ་ཁ་གསབ་མ་དངུལ་སྒོར་ཁྲི1200ལྷག་ཙམ་བཏང་བར་བརྒྱུད། དམིགས་གཏད་ཆེན་པོ་ཡོད་པ་དང་དཀའ་ངལ་ཆེ་བའི་མང་ཚོགས།  ཁེ་ལས་ཀྱི་དགོས་མཁོ་ཆེ་བའི་ལག་རྩལ་གསོ་སྦྱོང་ཐེངས100ལྷག་ཙམ་དང་མི་སྣ9336ལ་གསོ་སྦྱོང་བྱས་ཡོད་པ་རེད།  དེའི་ནང་ཡིག་ཚགས་བཟོ་བའི་ཁྱིམ་ཚང་གི་ངལ་རྩོལ་པ5251ལ་གསོ་སྦྱོང་བྱས་ཤིང་ལས་ཞུགས་ཐུབ་ཚད་བརྒྱ་ཆ་70ཡན་ཆད་ཟིན་པ་རེད།