ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།


       ཟླ་12ཚེས་14ཉིན་ནས་ཚེས་16ཉིན་བར་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་དང་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱངདམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་14ནས་ཚེས་16ཉིན་བར་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་།རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་དང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ཀྲང་ཏེ་ཅང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཝང་ཆི་ཧྲན།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

         ཞིས་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་སྟེ་མིག་སྔའི་རྒྱལ་ནང་དང་རྒྱལ་སྤྱིའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་།2016ལོའི་དཔལ་འབྱོར་ལས་དོན་ལ་ཕྱོགས་སྡོམ།དཔལ་འབྱོར་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་རྒྱས་བཤད།2017ལོའི་དཔལ་འབྱོར་ལས་ཀར་བཀོད་སྒྲིག་བཅས་གནང་བ་དང་།ལི་ཁེ་ཆང་གིས་གསུང་བཤད་ནང་སང་ལོའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་ཁ་ཕྱོགས་ཞིབ་པར་གསུངས་ནས་སང་ལོའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་ཞིབ་ཕྲ་གནང་བ་མ་ཟད།ཕྱོགས་སྡོམ་གསུང་བཤད་ཀྱང་གནང་བ་རེད།

         ཚོགས་འདུའི་ཐོག་འདི་ལོ་ཚུན་དུ་ང་ཚོས་ན་ནིང་གི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་ལེན་བསྟར་ཏེ་ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་ལེགས་སུ་བཏང་ནས་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་ཀྱིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་་གཏོང་རྒྱུ་གཙོ་རྐང་དུ་འཛིན་ནས་སྤྱིའི་དགོས་མཁོ་འོས་འཚམ་ངང་ཆེ་རུ་བཏང་བ་དང་།བློ་་་་བརྟན་འགྱུར་མེད་ངང་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ།ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་ནུས་ལྡན་བཅག་པ།སྤྱི་ཚོགས་ཀྱི་སྔོན་དཔག་ཡག་པོ་ཞིག་ཆགས་པར་ཁྲིད་སྟོན་བཅས་་་་་་བྱས་པས་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུ་རྒྱུན་འཁྱོངས་ཐུབ་ནསལོ་ལྔ་ཚན་བཅུ་གསུམ་པའིའགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་བའི་ངོས་འཛིན་གནང་བ་རེད།

        ཚོགས་འདུའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་། ང་ཚོས་་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པའི་དཔལ་འབྱོར་སྲིད་ཇུས་ཀྱི་སྒྲོམ་གཞི་རགས་ཙམ་བཟོས་པ་སྟེ།གཅིག་ནི་དཔལ་འབྱོར་འཕེལ་རྒྱས་རྒྱུན་རྣམ་གསར་པར་སླེབས་པའི་བརྡར་ཤ་གལ་ཆེན་བཅད་དེ་རྒྱུན་རྣམ་གསར་པར་ངོས་འཛིན་དང་།སྟངས་འཛིན།ཁྲིད་སྟོན་བཅས་བྱ་རྒྱུ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་གཏན་ཚིགས་ཆེན་པོ་ཞིག་ལ་བརྩིས་པ་དང་།གཉིས་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་མཛུབ་ཁྲིད་དང་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཀྱིས་གཙོ་རྐང་དུ་བྱེད་པའི་སྲིད་ཇུས་ཀྱི་མ་ལག་ཅིག་ཆགས་པ་བྱས་ཏེ་དཔལ་འབྱོར་སྤུས་ཚད་དེ་བས་ལེགས་པ་དང་།ནུས་པ་དེ་བས་ཆེ་བ།གཞུང་དྲང་དེ་བས་ལྡན་པ།རྒྱུན་སྲིང་དེ་བས་ཆེ་བ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་གྱིས་རང་རྒྱལ་གྱི་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱེད་པའི་སྲིད་ཇུས་ཀྱི་སྒྲོམ་གཞི་ཆ་ཚང་ཞིག་བཏོན་པ།གསུམ་ནི་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་ལག་བསྟར་དང་།འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱ་རྒྱུ་ནན་བཤད།གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་དང་མཐའ་ཚད་ཀྱི་བསམ་བློ་མཐའ་འཁྱོངས།གཟེར་འདེབས་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་བྱས་ཏེ་གོམ་སྟབས་བརྟན་པོའི་ངང་མདུན་ཕྱོགས་སུ་བསྐྱོད་པ་བཅས་བསྟན་གནང་བ་རེད།

         ཚོགས་འདུའི་ཐོག་2017ལོ་ནིལོ་ལྔ་ཚན་བཅུ་གསུམ་པའིའཆར་འགོད་ལག་བསྟར་བྱེད་པའི་གལ་ཆེའི་ལོ་ཞིག་དང་།མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ལོ་ཞིག་ཡིན།ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་།བཞི་པ། ལྔ་པ།དྲུག་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་ཕྱོགས་ལྔ་གཞི་གཅིགགི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་ཕྱོགས་ཡོངས་བཞིའིའཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ།བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་ལག་བསྟར་དོན་འཁྱོལ་བྱེད་པ།དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པར་སྣེ་ཁྲིད་སྟངས་འཛིན་བྱ་རྒྱུ་དང་འཚམ་པ་བྱེད་པ།འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ལེགས་སུ་གཏོང་རྒྱུ་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ།སྤྱི་ཁོག་སྲིད་ཇུས་བརྟན་པོ་དང་།ཐོནལས་སྲིད་ཇུས་གནད་ལ་འཁེལ་པོ། བྱེ་བྲག་སྲིད་ཇུས་ལྷུག་པོ། སྒྱུར་བཅོས་སྲིད་ཇུས་ཏན་ཏིགསྤྱི་ཚོགས་སྲིད་ཇུས་མཐིལ་འདེགས་བཅས་ཀྱི་སྲིད་ཇུས་བསམ་ཕྱོགས་མཐའ་འཁྱོངས་བྱེད་པ།

         མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་མ་གཏོང་རྒྱུ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱས་ཏེ་སྤྱིའི་དགོས་མཁོ་འོས་འཚམ་ངང་ཆེ་རུ་གཏོང་བ་དང་།སྔོན་དཔག་གི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ།གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་བརྟན་པོའི་ངང་འཕར་བ་དང་།སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ།གྲུབ་ཆ་ལེགས་སྒྲིགདམངས་འཚོར་ཕན་འདོགས་པ།ཉེན་ཁ་འགོག་པ་བཅས་ཀྱི་ལས་དོན་ཁག་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ནས་དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྐུལ་འདེད་བཏང་སྟེ་ཕུལ་་་་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་མཛུབ་སྟོན་བྱས་པ་རེད།

        ཚོགས་འདུའི་ཐོག་བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་ནི་རྒྱལ་སྲིད་སྐྱོང་ལུགས་ཀྱི་རྩ་དོན་གལ་ཆེན་ཡིན་ལ་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་བརྟག་ཐབས་སྨྲ་བ་ཞིག་ཀྱང་ཡིན་སྟབས།ཕྱི་ལོ་རྩ་བའི་དགོངས་གཞི་དེ་ལག་བསྟར་ཡག་པོ་བྱེད་པར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད།བརྟན་པོ་ནི་རྩ་བའི་དགོངས་གཞི་དང་བརྟན་པོ་ནི་སྤྱི་ཡོངས་ཡིན་པས་བརྟན་པོའི་སྔོན་འགྲོའི་འོག་འགག་རྩའི་ཁྱབ་ཁོངས་སུ་ཡར་རྒྱས་ཕྲན་བུ་ཡོང་བ་བྱེད་དགོས་པ་དང་ཚད་གཞི་སྟངས་འཛིན་ཡག་པོ་བྱེད་པའི་སྔོན་འགྲོའི་འོག་འབད་འབུངས་ཆེར་སྐྱེད་བྱེད་དགོས།དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་བརྟན་པོ་མུ་མཐུད་ལག་བསྟར་བྱེད་དགོས་པ་དང་སྤྱི་ཚོགས་ཀྱི་མཐིལ་འདེགས་ལས་དོན་གཏིང་ཟབ་ལ་ཚགས་ཚུད་པའི་ངང་བསྒྲུབས་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་ཆེ་རུ་གཏོང་བ་དང་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།

        ཚོགས་འདུའི་ཐོག་རང་རྒྱལ་གྱི་དཔལ་འབྱོར་འཁོར་རྒྱུག་ལ་འཕྲད་པའི་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་ལ་དུས་འཁོར་རང་བཞིན་དང་སྤྱི་འབོར་རང་བཞིན་གྱི་རྒྱུ་རྐྱེན་ཡོད་མོད།འོན་ཀྱང་འབྱུང་རྩ་ནི་གྲུབ་ཆའི་རང་བཞིན་གལ་ཆེན་དོ་སྙོམས་མེད་པའི་དབང་གིས་དཔལ་འབྱོར་འཁོར་རྒྱུག་ཡག་པོ་མེད་པས་ངེས་པར་དུ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ཐོག་ནས་བསམ་གཞིག་བྱས་ཏེ་འདོན་མཁོའི་འབྲེལ་བའི་འགུལ་རྣམ་གསར་པ་དོ་སྙོམས་ཡོང་བར་འབད་བརྩོན་བྱེད་དགོས།མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་མཐའ་མའི་དམིགས་ཡུལ་ནི་དགོས་མཁོ་སྐོང་ཆེད་ཡིན་པ་དང་གཙོ་རྒོལ་ཁ་ཕྱོགས་ནི་མཁོ་སྤྲོད་སྤུས་ཚད་མཐོ་རུ་གཏོང་རྒྱུ་ཡིན་པ།རྩ་བའི་ཐབས་ལམ་ནི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་བཅས་རེད།མཐའ་མའི་དམིགས་ཡུལ་ནི་དགོས་མཁོ་སྐོང་ཆེད་ཡིན་པས་ཁྲོམ་རའི་འགྱུར་ལྡོག་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བའི་ཁྲོད་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་དགོས་ཀྱི་ཡོད།གཙོ་རྒོལ་ཁ་ཕྱོགས་ནི་མཁོ་སྤྲོད་སྤུས་ཚད་མཐོ་རུ་གཏོང་ཆེད་ཡིན་པས་ནུས་པ་མི་ཐོན་པའི་མཁོ་སྤྲོད་བྱེད་ཉུང་དུ་དང་ནུས་པ་ཐོན་པའི་མཁོ་སྤྲོད་བྱེད་མང་དུ་བཏང་སྟེ་མཁོ་སྤྲོད་མ་ལག་ཧྲིལ་པོའི་སྤུས་ཚད་གཙོ་གནད་ཐོག་གོང་མཐོར་དང་མཁོ་སྤྲོད་གྲུབ་ཆས་དགོས་མཁོའི་གྲུབ་ཆར་བསྟུན་ནུས་ཆེ་རུ་གཏོང་དགོས་པའི་ངོས་འཛིན་གནང་བ་རེད།

        ཚོགས་འདུའི་ཐོག་འདི་ལོརགཅོག་འཕྲི་གསུམ་དང་།དམའ་རུ་གཏོང་བ་གཅིག གསབ་པ་གཅིགབཅས་ལས་འགན་ཆེན་པོ་ལྔ་དམ་འཛིན་བྱ་གཞིར་བྱས་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་ཕན་འབྲས་རགས་ཙམ་ཐོན་པ་དང་ལས་རིགས་ཁ་ཤས་ཀྱི་འདོན་མཁོའི་འབྲེལ་བ་དང་།སྲིད་གཞུང་དང་ཁེ་ལས་ཀྱི་འདུ་ཤེས་དང་བྱ་སྤྱོད་ལ་འགྱུར་ལྡོག་ཡག་པོ་སོང་ཡོད།ཕྱི་ལོ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས་ཞེས་མཛུབ་སྟོན་གནང་བ་རེད།

        ཚོགས་འདུའི་ཐོག་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པར་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་བླང་བྱ་དེ་ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ནང་མཚོན་པར་བྱེད་དགོས།རིམ་ཁག་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པས་ཏང་ཀྲུང་དབྱང་གི་དཔལ་འབྱོར་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ལ་བརྩིས་ནས་ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་མཛད་ཕྱོགས་དང་སྲིད་ཇུས་ངེས་པར་དུ་ལག་ལེན་བསྟར་བ་དང་ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་སྒྱུར་བཅོས་ཀྱི་ཇུས་གཞི་ངེས་པར་དུ་དོན་འཁྱོལ་བྱེད་དགོས།བརྟག་ཞིབ་གཏིང་ཟབ་དང་།སློབ་སྦྱོང་ལ་ཤུགས་སྣོན།འཇོན་ཐང་ཆེར་གཏོང་བཅས་བྱས་ཏེ་གཏན་ལ་ཕབ་པའི་སྲིད་ཇུས་དེ་བས་དོན་དངོས་དང་འཚམ་པ་བྱེད་དགོས།ལས་དོན་སྒྲུབ་འདོད་པ་དང་སྒྲུབ་ཕོད་པའི་འགག་རྩ་དེ་གཉིས་ལ་དམ་འཛིན་བྱས་ཏེ་དྲང་ནུས་ཀྱི་སྐུལ་གཏོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ལས་བྱེད་པས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ལས་དོན་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས།ཏང་ཡོངས་ཀྱིས་ཡིད་ཆེས་བརྟན་པོ་དང་དཀའ་ངལ་ཡོད་པ་ཤེས་བཞིན་དུ་འབད་འབུངས་ལྷོད་མེད་བྱས་ཏེ་སེམས་ནུས་ཡོད་རྒུ་བཏོན་ནས་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

                                                                                                                                                                   (བསོད་བདེ་དང་བསྟན་བློས་སྒྱུར་ཞུས་བྱས)