རྒྱལ་ཡོངས་ཀྱི་ཆུ་རྐྱལ་རྟིང་རྩོད་འགྲན་བསྡུར་གྱི་སྐྱེས་པའི་རྟིང་རྩོད་འགྲན་བསྡུར་ནང་སུན་དབྱང་གིས་སྨི་400ཡི་རང་མོས་ཆུ་རྐྱལ་འགྲན་བསྡུར་གྱི་ཨང་དང་པོ་བླངས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

1491983311306989.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་4ཚེས་10ཉིན། 2017ལོའི་རྒྱལ་ཡོངས་ཀྱི་ཆུ་རྐྱལ་རྟིང་རྩོད་འགྲན་བསྡུར་ཆིང་ཏའོ་གྲོང་ཁྱེར་དུ་སྤེལ་འགོ་ཚུགས་ཤིང་། སུན་དབྱང་གིས་སྐྱེས་པའི་སྨི་400ཡི་རང་མོས་གྲ་སྒྲིག་འགྲན་བསྡུར་ནང་ལས་སླ་པོའི་ངང་ཨང་དང་པོ་བླངས་ནས་རྟིང་རྩོད་འགྲན་བསྡུར་དུ་ཞུགས་པ་དང་། རྟིང་རྩོད་འགྲན་བསྡུར་ནང་སྐར་མ་3དང་སྐར་ཆ་42དང་སྐར་ཆུང་16གི་སྐར་འབྲས་ཐོག་ཨང་དང་པོ་བླངས་ཤིང་། འདི་ནི་ཁོ་རང་ལི་ཡུའེ་ཨོ་རྩལ་འགྲན་ཚོགས་ཀྱི་རྗེས་སུ་འགྲན་བསྡུར་ལ་ཞུགས་ཐེངས་དང་པོ་ཡིན་པ་མ་ཟད། དུས་གཅིག་ཏུ་འཛམ་གླིང་གི་འགྲན་དུས་ཀྱི་སྐར་འབྲས་བཟང་ཤོས་བླངས་པ་རེད།


1491983312986066.jpg