དགའ་སྐྱིད་ལྡན་པའི་ཤམ་བྷ་ལ་ཞེས་པའི་དཔྱིད་གསར་བསུ་བའི་དམངས་སྲོལ་བྱེད་སྒོ་རྡོ་མཁར་རྫོང་དུ་གཟབ་རྒྱས་ངང་སྤེལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

 ཟླ་1ཚེས་29ཉིན། བདེ་ཆེན་ཁུལ་2017ལོའི་དགའ་སྐྱིད་ལྡན་པའི་ཤམ་བྷ་ལ་ཞེས་པའི་དཔྱིད་གསར་བསུ་བའི་དམངས་སྲོལ་རིག་གནས་བྱེད་སྒོ་དེ་ཟླ་འོད་ཐང་ཆེན་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།    (གཡང་སྐྱིད་སྒྲོལ་མས་པར་བླངས།)

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་1ཚེས་29ཉིན། རྡོར་མཁར་རྫོང་གི་ཟླ་འོད་ཐང་ཆེན་དུ།ཚོན་དར་ལྷབ་ལྷུབ་ཏུ་གཡོ་བ་དང་།གླུ་ལེན་གར་འཁྲབ་ཅིང་ཤོག་སྦག་ཆེ་ཆུང་གི་འབར་སྒྲས་དུས་གཅིག་ཏུ་གྲག་བཞིན། བདེ་ཆེན་ཁུལ་2017ལོའི་དཔྱིད་གསར་བསུ་བའི་དམངས་སྲོལ་རིག་གནས་བྱེད་སྒོ་དེ་འགོ་ཚུགས་པ་དང་།མི་རིགས་ཁག་གི་མི་དམངས་ཀྱིས་གླུ་ལེན་གར་འཁྲབ་ཀྱི་རྣམ་པའི་སྒོ་ནས་བྱ་ལོའི་བདེ་སྐྱིད་ཕུན་སུམ་ཚོགས་པའི་འཚོ་བར་བཅོལ་བའི་རེ་སྨོན་མཚོན་པ་དང་།མེས་རྒྱལ་སྟོབས་འབྱོར་མངའ་ཐང་ལྡན་པའི་སྨོན་འདུན་ཞུས་པ་རེད།
    འགོ་ཚུགས་མཛད་སྒོའི་ཐོག    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱི་ཅིན་ལུང་ཁྲོམ་ལམ་དང་ཚང་ཧྥང་ཁྲོམ་ལམ།པེ་མིང་ཁྲོམ་ལམ་བཅས་ཀྱི་འབྲུག་འཆམ་རུ་ཁག་གིས་འབྲུག་འཆམ་འཁྲབ་ནས་བྱེད་སྒོ་སྤེལ་རར་བཞུགས་པའི་ལོ་ན་80ཡན་ལོན་པའི་མི་རྒས་ལ་ལོ་གསར་རྟེན་འབྲེལ་ཞུས་པས།བྱེད་སྒོ་ལ་དགའ་སྤྲོ་འཁོལ་བའི་ངང་ཚུལ་ཞིག་བསྣན་པ་དང་།བྱེད་སྒོར་ཞུགས་པའི་རང་ཁུལ་གྱི་འགོ་ཁྲིད་ཀྱིས་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད་པའི་རྒྱལ་ཐང་གྲོང་རྡལ་གྱི་ལོ་ན་80ཡན་ལོན་པའི་མི་རྒས་ལ་ཁ་བཏགས་འབུལ་བས།མི་རྒས་ཚོའི་ངོ་ལ་བདེ་སྐྱིད་ཀྱི་འཛུམ་མདངས་མངོན་པ་རེད།
    སྔ་དྲོའི་ཆུ་ཚོད་10ཡི་ཐོག      སྤྲོ་ཉམས་ལྡན་པའི་ཞབས་བྲོ་དང་དགའ་སྤྲོས་ཁེངས་པའི་གླུ་དབྱངས་ཀྱི་ཁྲོད་དུ་བྱེད་སྒོ་དེ་འགོ་ཚུགས་པ་རེད།སྐལ་བཟང་མེ་ཏོག་སྒྱུ་རྩལ་ཚོགས་པ་ནས་ཡོང་བའི་འཁྲབ་སྟོན་པ་ཆུང་བ་རྣམས་ཀྱིས་འཁྲབ་སྟོན་བྱས་པའི་གསེར་བྱ་ཡིས་དཔྱིད་གསར་དུས་ཆེན་འཁྲུག་པོར་གཏོང་བ་ཞེས་པའི་ཞབས་བྲོ་ཡིས་ལོ་གསར་གྱི་ཕྱྭ་གཡང་དང་སྨོན་ལམ་བཟང་པོ་དེ་ལྟད་མོ་བ་ཡོངས་ལ་སྐྱེལ་ཡོང་ཞིང་།འཁྲམ་ཚན་རེ་རེས་དུས་ཆེན་གྱི་ངང་ཚུལ་མུ་མཐུད་དུ་ཇེ་མཐོར་བཏང་ཡོད།འགྱུར་ཁུག་སྙན་པའི་སྒྲ་སྙན་གྱི་དབྱངས་རྟའི་ཁྲོད་དུ།སེམས་ཀྱི་ཉི་ཟླ་གྲོང་ཁུལ་གྱི་ལས་འཁྱུར་ངལ་གསོ་ལས་བྱེད་པའི་འཐུས་ཚབ་རུ་ཁག་གི་ཕ་ཡུལ་གྱི་བརྩེ་དུང་ཞེས་པའི་ཞབས་བྲོ་ཡིས་ལས་འཁྱུར་ངལ་གསོ་ལས་བྱེད་པའི་བདེ་སྐྱིད་ཀྱི་འཚོ་བ་དང་ཕ་ཡུལ་ལ་བཅངས་པའི་རེ་སྨོན་དང་དགའ་ཞེན་མཚོན་པ་རེད།རྒྱལ་ཐང་གི་སྤྲོ་གླུ་ཞེས་པ་སོགས་ཀྱི་འཁྲབ་ཚན་གྱི་ཁྲོད་དུ།བོད་རིགས་གོས་རྒྱན་གྱོན་པའི་གཞོན་ནུ་ཕོ་མོས་ཕུ་དུང་ནར་རིང་འཕྱར་བཞིན་དགའ་སྤྲོ་འཁོལ་བའི་གླུ་སྒྲས་ཟླ་འོད་ཐང་ཆེན་སྟེང་ལ་ཁྱབ་ཅིང་།སྟངས་སྟབས་མཛེས་པའི་ཞབས་བྲོ་ཡིས་མཐོ་སྒང་བུ་ཕྲུག་གི་ལང་ཚོ་ནི་གླུ་དབྱངས་ལྟར་མཛེས་སྡུག་ལྡན་ཞིང་མཐོ་སྒང་དུ་དགའ་སྤྲོའི་ངང་ལྷན་དུ་དུས་ཆེན་གཏོང་བའི་སྤྲོ་བ་རྒྱས་པའི་རྣམ་པ་མངོན་ཡོད།སེམས་ཀྱི་ཉི་ཟླའི་ཚན་སྡེབ་ཀྱིས་བླངས་པའི་དགའ་སྤྲོ་འཁོལ་བའི་ཤམ་བྷ་ལ་ཞེས་པའི་གླུ་དབྱངས་ལ་ལྟད་མོ་བ་རྣམས་ཀྱི་དགའ་བསུ་ཐོབ་པ་རེད།
    ཉིན་དེའི་བྱེད་སྒོ་ལ་དམངས་སྲོལ་རིག་གནས་ཀྱི་འཁྲབ་སྟོན་ཡོད་པ་དང་།དེང་རབས་ཀྱི་དར་སྲོལ་ཆེ་བའི་ནང་དོན་ཡང་ཡོད།ལྟད་མོ་ཆེ་བའི་མི་རིགས་ཁག་གི་དམངས་ཁྲོད་བྲོ་གར་འཁྲབ་སྟོན་ལ་རང་ས་གནས་ཀྱི་མང་ཚོགས་དང་ཡུལ་སྐོར་འགྲུལ་པའི་ཡིད་དབང་འགུག་པ་རེད།ཕ་ཡུལ་ཧྲན་ཏུང་ནས་ཡིན་པའི་ཡུལ་སྐོར་འགྲུལ་པ་ཞིག་གིས་ངས་སེམས་ཀྱི་ཉི་ཟླར་དམིགས་བསལ་གྱི་སྤྲོ་སྐྱིད་ལྡན་པའི་ལོ་གསར་ཞིག་གཏོང་བ་ཡིན།འདིར་དམིགས་བསལ་གྱི་མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་མི་དང་རང་བྱུང་ཁམས་བར་དང་མི་དང་མིའི་བར་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་དེས་ང་ལ་བདེ་ཆེན་བོད་ཁུལ་གྱི་དཔྱིད་ཀའི་ངང་ཚུལ་ཞིག་ཉམས་སུ་མྱོང་བཅུག་པ་དང་།མི་རིགས་ཁག་གི་སྤུན་ཟླ་བར་དུད་ཚང་གཅིག་ལྟ་བུའི་འཆམ་མཐུན་མཛེས་སྡུག་ཡིན་པ་ཉམས་སུ་མྱོང་བཅུག་བྱུང་ཞེས་བཤད་པ་རེད།
    བྱེད་སྒོ་སྤེལ་རར།ཁ་ཚྰ།ཁ་ཚྰ།པར་ལེན་འཕྲུལ་ཆས་ཀྱི་འཁྱུག་སྒོ་མནན་པའི་སྒྲ་རྒྱུན་མི་ཆད་པར་གྲག་ཡོད།ཀོང་ཏུང་ནས་ཡོང་བའི་ཡུལ་སྐོར་འགྲུལ་པ་སྲས་མོ་ལེ་ལགས་ཀྱིས་ཆེད་དམིགས་སུ་བོད་རིགས་གོས་རྒྱན་ཞིག་གླས་ནས་ལུས་ལ་གྱོན་ཡོད།མོས་དགའ་སྤྲོའི་ངང་འཁྲབ་ཚན་དམིགས་བསལ་ཡིན་པ་དང་།ལྟད་མོ་ཆེན་མོ་ལྡན་ཡོད་པས།ང་ཚོ་ལ་སེམས་ཀྱི་ཉི་ཟླའི་དམིགས་བསལ་གྱི་མི་རིགས་རིག་གནས་དང་མི་དང་རང་བྱུང་ཁམས་བར་དང་།མི་དང་མིའི་བར་གྱི་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ཉམས་སུ་མྱོང་བཅུག་བྱུང་།འདི་ག་ནི་མཛེས་ཤིང་སྡུག་པའི་མི་ཡུལ་གྱི་བདེ་བ་ཅན་གྱི་ཞིང་ཁམས་རེད་ཅེས་བཤད། 
    ལྟད་མོ་ཆེ་བའི་བྲོ་གར་མ་གཏོགས་པར།བྱེད་སྒོར་ཞུགས་པའི་བོད་རིགས་སྤུན་ཟླའི་གཟབ་མཆོར་གྱིས་ཀྱང་དུས་ཆེན་ལ་སྤྲོ་ཉམས་དང་ཚོན་མདངས་བསྣན་ཡོད་པ་རེད།(བསོད་ནམས་ཆོས་ལྡན་གྱིས་བསྒྱུར།)