དཔྱིད་གསར་དུས་ཆེན་དུ་སེམས་ཀྱི་ཉི་ཟླར་ཡུལ་སྐོར་བ་མང་པོ་ཡོང་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།   

    དཔྱིད་གསར་གུང་གསེང་རིང་པོའི་བར་སྐབས་སུ།སེམས་ཀྱི་ཉི་ཟླ་ནི་ཡུལ་སྐོར་འགྲུལ་པ་མང་པོ་ཞིག་གིས་ཡུལ་སྐོར་བྱས་ནས་དུས་ཆེན་གཏོང་བའི་དམིགས་ཡུལ་ས་ཆ་ཞིག་ཏུ་གྱུར་ཡོད།རྡོ་མཁར་རྫོང་དང་པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་།སུམ་རྩེན་གླིང་།སྟག་མཆོང་གྲོག་རོང་སོགས་ལྗོངས་ཁུལ་དུ་ལོ་གསར་གནམ་གང་ཉིན་ནས་བཟུང་ཡུལ་སྐོར་འགྲུལ་པ་གཅིག་རྗེས་གཉིས་མཐུད་ངང་འབྱོར་ཡོད།
    ཤེས་རྟོགས་བྱུང་བར་གཞིགས་ན།ཟླ་1ཚེས་27ཉིན་ནས་ཚེས་30ཉིན་བར།པོ་ཏ་མཚོ་རྒྱལ་ཁབ་སྤྱི་གླིང་གིས་ཡུལ་སྐོར་འགྲུལ་པ་མི་ཐེངས་11613སྣེ་ལེན་བྱས་ཡོད་པ་དང་།སུམ་རྩེན་གླིང་ལྗོངས་ཁུལ་གྱིས་ཡུལ་སྐོར་འགྲུལ་པ་མི་ཐེངས་4970སྣེ་ལེན་བྱས་ཡོད་ལ།སྟག་མཆོང་གྲོག་རོང་ལྗོངས་ཁུལ་གྱིས་ཡུལ་སྐོར་འགྲུལ་པ་མི་ཐེངས་21998སྣེ་ལེན་བྱས་ཡོད།(ཧོ་ཅན་ཡུན་གྱིས་པར་བླངས་པ།)