རང་ཁུལ་གྱིས་ཞིང་ལས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།   

    འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་བའི་ལོ་འགའི་རིང་ལ། རང་ཁུལ་གྱིས་གསར་སྐྲུན་དང་མཐུན་སྦྱོར། ལྗང་མདོག   སྒོ་འབྱེད།མཉམ་མྱོང་ཞེས་པའི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱས་ནས། ཞིང་ལས་ཀྱི་མུ་མཐུད་འཐུས་པའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་སྐྱེ་ཁམས་ཀྱི་ལས་གྲྭ་ཆེན་མོ་ལག་བསྟར་བྱས་པ། ཞིང་ལས་ཀྱི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་བྱེད་རྒྱུར་ཤུགས་སྣོན་བྱས་ནས།བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་“སྐྱེ་ཁམས་དང་བདེ་འཇགས།སྤུས་ལེགས།ལས་ཆོད་མཐོ་བའི”མཐོ་སྒང་གི་ཁྱད་ལྡན་ཞིང་ལས་འཛུགས་སྐྲུན་བྱས་པ་རེད།
    2016ལོར། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཞིང་འབྲོག་སྡེ་ཁག་གིས་ཞིབ་ཚགས་ཀྱིས་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》དང་།《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རྩྭ་ཐང་དོ་དམ་སྲོལ་ཡིག》དང་།《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་རྩྭ་ཐང་དོ་དམ་སྲོལ་ཡིག་གི་ལག་བསྟར་སྲོལ་ཞིབ》སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱས་ནས།རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རང་སད་ཀྱིས་རྩྭ་ཐང་སྲུང་སྐྱོང་བྱེད་པའི་འདུ་ཤེས་མཐོ་རུ་བཏང་ཞིང་།རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་རོགས་རམ་དང་བྱ་དགའི་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱས་པ་རེད།2016ལོར།རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་རོགས་རམ་དང་བྱ་དགའི་དངུལ་ཕྱོགས་ཡོངས་ནས་བཀྲམ་ཚར་བ་དང་།དེ་བཞིན་རྩྭ་ཐང་གཞུང་བསྡུས་བེད་སྤྱོད་དང་གསར་སྦོལ་དང་།གཏོར་བརླག་གཏོང་བའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་།དགེ་མཚན་ལྡན་པའི་ངང་ནས་རྩྭ་ཐང་ལ་ལྟ་ཞིབ་ཚད་ལེན་དང་ཕྱུགས་བསྐྱུར་རྩྭ་གསོ་དང་།རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་ཁ་གསབ་རོགས་རམ་བྱ་དགའི་རྐྱེན་སྲོལ་རྣམ་གྲངས་ཀྱི་རྩྭ་ཐང་གི་ལྟ་ཞིབ་ཚད་ལེན་བྱས་ནས།འགུལ་ཚུལ་གྱི་ཐོག་ནས་ཁུལ་ཡོངས་རྩྭ་ཐང་གི་གནས་ཚུལ་ཤེས་རྟོགས་བྱས་ཏེ།ཏན་ཏིག་གིས་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་རེད།གྲོང་གསེབ་ཀྱི་གཙང་སྦྲའི་ལས་གྲྭ་དང་གྲོང་སྡེའི་རྣམ་པའི་ལས་གྲྭའི་རྣམ་གྲངས་ལག་བསྟར་བྱས་པ་དང་།གཞུང་ལམ་སྲ་འགྱུར་དང་གད་སྙིགས་བཀོད་སྒྲིག    དེ་བཞིན་གཙང་སྦྲའི་གསང་སྤྱོད་ཁང་དང་བྱེད་སྒོ་སྤེལ་ར་སོགས་ཀྱི་འཛུགས་སྐྲུན་ལས་འགན་ཡོངས་འགྲུབ་བྱས་པས།གྲོང་སྡེའི་བཙོག་རྙོག་ཞན་པའི་རྣམ་པ་བསྒྱུར་ཏེ།ནུས་ཡོད་ཀྱིས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད།ཞིང་ལས་ཀྱི་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་དགེ་མཚན་ལྡན་པའི་ངང་ནས་ཞིང་ལས་ཀྱི་སྦགས་བཙོག་ཁྱབ་བཤེར་བྱས་ཤིང་།ཕྱོགས་ཡོངས་ནས་ལྕགས་རིགས་ཀྱི་སྦགས་བཙོག་ཡོང་ཁུངས་ཁྱབ་བཤེར་གྱི་ལོ་འཁོར་ལས་ཀ་ཡོངས་འགྲུབ་བྱས་ཏེ།སྐྱེ་ཁམས་ཀྱི་དམར་ཐིག་སྲུང་སྐྱོང་བྱས་པ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་བཙུགས་པ་རེད།2016ལོར།མིའི་ཐབས་ཀྱིས་བཟོས་པའི་གཟན་རྩྭའི་ས་ཞིང་མུའུ་ཁྲི་2.3འཛུགས་སྐྲུན་བྱས་ཡོད་པ་དང་།རྫབ་རླངས་རྫིང་བུ་ཆེ་གྲས་ཀྱི་རྣམ་གྲངས་1ལ་ལྟ་སྐུལ་འཛུགས་སྐྲུན་བྱས་ཡོད་ལ།ཆེ་འབྲིང་གྲས་ཀྱི་རྫབ་རླངས་རྫིང་བུའི་རྣམ་གྲངས་2ཡིག་ཐོག་སྙན་སེང་ཞུས་ནས་འཛུགས་སྐྲུན་བྱས་ཡོད།དེ་བཞིན་ཞིང་ལས་ཀྱི་རྫས་འགྱུར་སྤྱད་ཚད་ཏུན་ཁྲི་1.49ཡོངས་འགྲུབ་བྱས་པ་དང་།ཞིང་སྨན་གྱི་སྤྱད་ཚད་ནི་ཏུན་270ཟིན་ཡོད་པ་རེད།