《སེམས་ཀྱི་ཉི་ཟླའི་རིག་རྩལ》གྱིས་འགྲེམས་ཐེངས་དང་པོའི་མཛད་སྒོ་བསྡུས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་11པའི་ཚེས་25ཉིན།《སེམས་ཀྱི་ཉི་ཟླའི་རིག་རྩལ》གྱི་གསར་འདོན་བཞུགས་མོལ་ཚོགས་འདུ་དང་འགྲེམས་ཐེངས་དང་པོའི་མཛད་སྒོ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་བསྡུས་པ་རེད།

        ཤེས་གསལ་བྱུང་དོན།སེམས་ཀྱི་ཉི་ཟླའི་རིག་རྩལནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱེད་པ་དང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྩོམ་པ་པོའི་མཐུན་ཚོགས་དང་ཡིག་རིས་མཛེས་རྩལ་པའི་མཐུན་ཚོགས།པར་ལེན་པའི་མཐུན་ཚོགས།དམངས་ཁྲོད་རིག་རྩལ་པའི་མཐུན་ཚོགས།རོལ་དབྱངས་དང་ཞབས་བྲོ་འཁྲབ་མཁན་གྱི་མཐུན་ཚོགས།རྒྱང་བསྒྲགས་གློག་བརྙན་པའི་མཐུན་ཚོགས་བཅས་ཀྱིས་སྒྲུབ་འགན་འཁུར་ལེན་བྱས་པ་རེད།

        《སེམས་ཀྱི་ཉི་ཟླའི་རིག་རྩལཐོག་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རང་ཡུལ་གྱི་རྩོམ་པ་པོ་དང་རི་མོ་བའི་ཕུལ་བྱུང་ཅན་གྱི་རྩོམ་རིགས་ལེ་ཚན་འཛུགས་ཡོད་པ་དང་རང་ཡུལ་གྱི་རོལ་དབྱངས་དང་ཞབས་བྲོ་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ལེ་ཚན་ཡང་འཛུགས་ཡོད་པས།སེམས་ཀྱི་ཉི་ཟླའི་རིག་རྩལནི་སེམས་ཀྱི་ཉི་ཟླའི་རིག་གནས་འགྲེན་སྟོན་བྱེད་པའི་ལས་སྟེགས་གཙོ་བོ་ཡིན་པ་རེད། 

        བཞུགས་མོལ་ཚོགས་འདུའི་ཐོག   ཚོགས་འདུར་ཞུགས་མི་རྣམས་ཀྱིས་སེམས་ཀྱི་ཉི་ཟླའི་རིག་རྩལའཕེལ་རྒྱས་ཡོང་བའི་སྐོར་ལ་ཧུར་ཐག་གིས་ཐབས་འདོན་ཇུས་འདོན་བྱས་ཡོད་པ་རེད།