རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཞིང་ལས་ཚན་རྩལ་ཅུས་ཀྱིས་ཉི་ཤར་ཤང་བདེ་སྐྱིད་གྲོང་སྡེའི་དབུལ་ཕོངས་ཁྱིམ་དུད་88ལ་རིན་མི་ལེན་པའི་ཞོག་ཁོག་ས་བོན་ཏུན་24.6སྤྲད་དེ།བདེ་སྐྱིད་གྲོང་སྡེས་ཞིང་ལས་འཕེལ་རྒྱས་གཏོང་བ་དང་གནད་འཁེལ་དབུལ་སྐྱོར་ཁྱིམ་དུད་ལ་དབུལ་ཐར་བྱུང་བར་རོགས་རམ་སྤྲད་པ།
ཞོག་ཁོག་ས་བོན་སྤྲད་པའི་སྔོན་དུ།ཉི་ཤར་ཤང་ཞིང་ལས་ཚན་རྩལ་ས་ཚིགས་ཀྱི་འགན་འཁུར་བས་བདེ་སྐྱིད་གྲོང་སྡེའི་དབུལ་ཕོངས་ཁྱིམ་དུད་ལ་ཞོག་ཁོག་འདེབས་གསོ་བྱེད་དུས་སུ་དོ་སྣང་བྱེད་པའི་གནད་དོན་འགྲེལ་བཤད་བརྒྱབ་པ།གནད་འཁེལ་དབུལ་སྐྱོར་ཁྱིམ་དུད་ཡོངས་ཀྱིས་གོ་རིམ་ལྡན་པའི་ངང་ཞོག་ཁོག་ས་བོན་བླངས་བ་རེད།