བདེ་ཆེན་ཁུལ་གྱིས་ལས་བྱེད་པའི་ཚོགས་ཆེན་འཚོགས་ནས་ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


       ཟླ12པའི་ཚེས26ཉིན་གྱི་ཕྱི་དྲོར།བདེ་ཆེན་ཁུལ་གྱིས་ལས་བྱེད་པའི་ཚོགས་ཆེན་འཚོགས་ནས་ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།


ཁུལ་ཨུའི་ཧྲུའུ་ཅི་གུའུ་ཁུན་གྱིས་ཚོགས་འདུར་གཙོ་སྐྱོང་དང་གསུང་བཤད་གལ་ཆེན་གནང་བ།

ཟླ12པའི་ཚེས26ཉིན།བདེ་ཆེན་ཁུལ་གྱིས་ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པའི་ལས་བྱེད་པའི་ཚོགས་ཆེན་འཚོགས་ནས་ཁུལ་ཡོངས་ཀྱི་ཁུལ་དང་།རྫོང་གྲོང་ཁྱེར་ཤང་།གྲོང་སྡེ་བཅས་རིམ་པ་བཞི་དང་རིམ་པ་སོ་སོའི་སྡེ་ཁག་ཏུ་ཁྱོན་ཡོངས་ནས་རྣམ་པ་སྣ་ཚོགས་ཀྱིས་སྒྲོག་འགྲེལ་བྱེད་སྒོ་བསྡུས་ཏེ།དུས་ཐོག་དང་སྤུས་ལེགས་ཀྱིས་དྲིལ་བསྒྲགས་ལས་འགན་ལེགས་སྒྲུབ་བྱས་ནས་ཁྱོན་ཡོངས་ལ་ཁྱབ་པར་འགན་ལེན་བྱེད་དགོས་པ་དང་ཁུལ་ཡོངས་རིམ་པ་ཁག་གི་སྡེ་ཁག་སོ་སོས་སློབ་སྦྱོང་བྱེད་སྒོ་དང་གྲོས་གླེང་ཚོགས་འདུ་འཚོགས་པའི་སྒོ་ནས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་བཅུ་པའི་དགོངས་དོན་དྲིལ་བསྒྲགས་དང་དོན་འཁྱོལ་བྱེད་དགོས་པར་ནན་བཤད་གནང་བ་རེད།