ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་ཁུལ་ཨུའི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ( རྒྱ་བསྐྱེད) ཚོགས་འདུ་འཚོགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།   


ཀྲུང་གོ་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སྐབས་བརྒྱད་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་(རྒྱ་བསྐྱེད) ཚོགས་འདུ་དེ་ཟླ12པའི་ཚེས27ཉིན་ཁུལ་ཨུའི་སྙན་ཞུ་ཁང་ནས་འཚོགས་པ་རེད།  

ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་དངོས་སུ་འབྱོར་འོས་པའི་ཁུལ་ཨུའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མི་གྲངས་52ཡོད་པ་དང་དངོས་སུ་འབྱོར་མཁན་མི་གྲངས44ཡོད།ཁུལ་སྒྲིག་ཨུའི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་བ་དང་ཁུལ་གྱི་སྐབས་བརྒྱད་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་ཁྲོད་ནས་གཞི་རིམ་གྱི་བློ་མཐུན་ཁག་ཅིག་ཀྱང་གྲོས་ཚོགས་ལ་ཟུར་ཞུགས་བྱས་ཡོད།

 ཚང་འཛོམས་གྲོས་ཚོགས་དེ་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་།  ཁུལ་ཨུའི་ཧྲུའུ་ཅི་གུའུ་ཁུན་གྱིས་ཁུལ་ཨུའི་ཚབ་བྱས་ནས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་ཞུ་གནང་བ་རེད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཆི་ཅན་ཞིན་གྱིས་སང་ལོའི་དཔལ་འབྱོར་ལས་དོན་ལ་ཞིབ་ཕྲའི་བཀོད་སྒྲིག་གནང་བ་རེད།

ལོ་གཅིག་གི་རིང་ཁུལ་ཨུས་གཙོ་གནད་ཐོག་ཏང་གི་སྐབས་བརྒྱད་པའི་འཐུས་མི་ཚོགས་ཆེན་འཚོགས་རྒྱུར་རྩ་འཛུགས་དང་།  ཁྱད་ལྡན་དགེ་མཚན་ཆེ་བའི་ཐོན་ལས་ཤུགས་ཆེན་པོས་གསོ་སྐྱོང་བྱེད་པ།  ཚད་མཐོ་ས་ནས་དབུལ་ཐར་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་བ།མཐའ་གཅིག་གིས་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་པ།  གྲོང་གསུམ་བདུན་བསྐྱོད་བྱེད་སྒོ་གཅིག་གི་ལས་གྲྭ་འགོ་ཚུགས་པ་སོགས་དོན་ཆེན་ལྔ་བསྒྲུབས་པར་དམ་འཛིན་བྱས་ཡོད།   

ཚང་འཛོམས་གྲོས་ཚོགས་ཐོག2017ལོའི་ཁུལ་ཡོངས་ཀྱི་ལས་དོན་ལ་སྤྱིའི་བླང་བྱ་བཏོན་པ་སྟེ།   ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ་དང་། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་།བཞི་བ།  ལྔ་བ། དྲུག་པའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་པ་དང་།   སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ཡུན་ནན་ལ་རྟོག་ཞིབ་བྱེད་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བྱས་ནས།   ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་དང་ཁྱོན་ཡོངས་བཞི་ཡི་འཐབ་ཇུས་བཀོད་སྒྲིག་རྒྱུན་འཁྱོངས་བྱེད་པ།   ཁྲིམས་ལྟར་བོད་སྐྱོང་བ་དང་། དམངས་ཕྱུག་བོད་དར།ཡུན་རིང་བོད་འཛུགས་སྐྲུན་དང་། མི་སེམས་གཅིག་ཏུ་སྒྲིལ་ནས།   རྨང་གཞི་ཇེ་བརྟན་དུ་གཏོང་བའི་རྩ་དོན་གལ་ཆེན་རྒྱུན་འཁྱོངས་བྱེད་དགོས།  ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བ་དང་ཁུལ་གྱི་སྐབས་བརྒྱད་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་ཐབས་ཇུས་དང་བཀོད་སྒྲིག་གཞིར་བཟུང་ནས།   ཆབ་སྲིད་ལ་དང་དོད་དང་།    སྐྱེ་ཁམས་འཛུགས་པ།  ཐོན་ལས་ལེགས་བསྒྱུར།   ཡུལ་སྐོར་དར་འཕེལ།   དམངས་འཚོར་ཕན་འདོགས་པ།  འཆམ་མཐུན་ལ་སྐུལ་འདེད་གཏོང་བ།  ཏང་གི་འཛུགས་སྐྲུན་ཇེ་སྟོབས་ལ་གཏོང་བ་སོགས་རྒྱུན་འཁྱོངས་བྱས་ནས།   མུ་མཐུད་དེ་མཆོང་སྐྱོད་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཀྱི་དཔེ་སྟོན་ཁུལ་སྐྲུན་པར་སྐུལ་འདེད་གཏོང་བ་དང་།   དུས་ལྟར་བདེ་སྡོད་ལས་བརྩོན་དང་འགན་ལེན་ནུས་ལྡན་བྱུང་བ།ཁྱིམ་གཞིས་མཛེས་ཤིང་།    མི་རིགས་མཐུན་སྒྲིལ་ལྡན་པ།  ཤེས་དཔལ་ཞི་མཐུན་བཅས་ལྡན་པའི་ བོད་ཁུལ་གསར་བ་འཛུགས་པར་རྨང་གཞི་བརྟན་པོ་འདིང་དགོས་པར་བསྟན་ཡོད།   

ཚང་འཛོམས་གྲོས་ཚོགས་ཀྱིས་གྲོས་འཆར་བཏོན་པ་སྟེ།   2017ལོར་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་ནི།ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་10%ཡས་མས་འཕར་སྣོན་འབྱུང་བ་དང་།གཞི་ཁྱོན་ཡན་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས10%ཡས་མས་འཕར་སྣོན་འབྱུང་བ།    སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ5%ཡས་མས་འཕར་སྣོན་འབྱུང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གཏན་སྡོད་གྲོང་མི། གྲོང་གསེབ་ཀྱི་རྒྱུན་སྡོད་གྲོང་མིའི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སོ་སོར་9%ཡས་མས་ནས་12%ཡས་མས་འཕར་སྣོན་འབྱུང་བ།  སྤྱི་ཚོགས་འཛད་སྤྱོད་སིལ་ཚོང་བསྡོམས་འབོར་གྱི་10%ཡས་མས་འཕར་སྣོན་འབྱུང་བ།   གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་4.5%ནང་ཚོད་འཛིན་བྱེད་པ།  མི་གྲངས་རང་ཤུགས་སུ་འཕར་ཚད་སྟོང་ཆའི་6ནང་ཚུན་དུ་ཚོད་འཛིན་པ།   སྡེ་ཚན་ཁག་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་ནུས་ཁུངས་ཟད་ཚད་ཞིང་ཆེན་གྱིས་སྤྲད་པའི་ལས་འགན་ནང་ཚོད་འཛིན་བྱ་རྒྱུ་བཅས་ཡིན།

ཚོགས་འདུ་མཇུག་སྒྲིལ་ནས་སྤྱི་བསྡོམས་བྱེད་དུས་གུའུ་ཁུན་གྱིས་ཕྱོགས་བརྒྱད་ཀྱི་ཐད་ནས་ཁུལ་ཡོངས་ཀྱི་མིག་སྔའི་གནད་ཆེའི་ལས་ཀར་དམ་འཛིན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།