ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།   


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་12པའི་ཚེས་26ཉིན།ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།ཁུལ་ཨུའི་རྒྱུན་ཨུ་དང་།ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་ལུའི་པིང་གིས་ཉེ་ཆར་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་འབྲེལ་ཡོད་ལས་ཀ་བཀོད་སྒྲིག་བྱས་པ་དང་།དྲིལ་བསྒྲགས་སྡེ་ཁག་སོ་སོས་ཚད་མཐོའི་མཐོང་ཆེན་བྱས་ནས།ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་བྱེད་དགོས་པ་དང་།ཐོག་མར་སློབ་སྦྱོང་བྱེད་པ་དང་།སློབ་སྦྱོང་གཏིང་ཟབ་དང་མཐའ་གསལ།ཞིབ་ཚགས་བྱས་ཏེ་ཡུན་ནན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ཁོང་དུ་ཆུད་དགོས།སྒྲོག་འགྲེལ་བྱེད་སྒོར་དམིགས་སའི་རང་བཞིན་དང་། སློབ་སྟོན་གྱི་རང་བཞིན་ལྡན་དགོས་པ།བདེ་ཆེན་གྱི་དོན་དངོས་དང་སྡེ་ཚན་ཁག་གི་ལས་ཀའི་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ།སྒྲོག་འགྲེལ་ལས་ཀའི་ཁྲིད་ཕྱོགས་ཡང་དག་པ་དང་།ཁུལ་རིམ་པའི་གཙོ་རྒྱུན་སྨྱན་བྱད་ཀྱིས་ནན་ཏན་གྱིས་ཇུས་འགོད་ལེགས་པོ་སྒྲུབ་དགོས་ཞེས་བཏོན་པ་རེད།།