སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ནགས་ཚལ་མེ་འགོག་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།   

      སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།མེ་འགོག་གི་དུས་སྐབས་སུ་སླེབས་པ་ནས་བཟུང་།སེམས་ཀྱི་ཉི་ཟླའི་གནམ་གཤིས་ཇེ་སྐམ་དུ་འགྲོ་བ་དང་།ནགས་ཚལ་མེ་ཉེན་འགོག་སྲུང་གི་རིམ་པ་ཡང་ཇེ་མཐོ་རུ་འཕར་ཞིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ནགས་ལས་སྡེ་ཁག་གིས་རང་ཉིད་ཀྱི་དོ་དམ་མངའ་ཁོངས་ནང་ནགས་ཚལ་མེ་འགོག་གི་ཤེས་བྱ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་རེད།

      ཉེ་སྔོན།གུང་གཞོན་ཚོགས་པའི་ཁུལ་ཨུ་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནགས་ཚལ་མེ་འགོག་བཀོད་འདོམས་པུའུ།ནགས་ལས་ཉེན་རྟོག་དཔུང་ཁག་སེམས་ཀྱི་ཉི་ཟླའི་རུ་ཁག་འབྲིང་བ་བཅས་ཀྱིས་དྲིལ་བསྒྲགས་དཔྱད་ཡིག་བཀྲམ་པ་དང་ནགས་ཚལ་མེ་འགོག་གི་འཕྲེད་འགེལ་སྦྱར་ཡིག་སྦྱར་བ།ནགས་ཚལ་མེ་འགོག་གི་སྲོལ་ཡིག་རྒྱང་བསྒྲགས་གཏོང་བ་སོགས་ཀྱི་སྒོ་ནས་ནགས་ཚལ་མེ་འགོག་གི་ཤེས་བྱ་དྲིལ་བསྒྲགས་བྱས་ཏེ།མང་ཚོགས་ཀྱི་མེ་འགོག་འདུ་ཤེས་མཐོ་རུ་གཏོང་བ་རེད།

      ཟླ་12པའི་ཚེས་19ཉིན།རྒྱལ་ཐང་ནགས་ལས་ས་ཚིགས་ཀྱི་ལས་བྱེད་པ་ཡོངས་ཀྱིས་ཁུལ་ཡོངས་ཀྱི་ནགས་ཚལ་མེ་འགོག་ལས་ཀའི་ཆེད་དོན་གྲོས་ཚོགས་དང་ཁུལ་ཡོངས་ཀྱི་ནགས་ཚལ་མེ་འགོག་ལས་ཀའི་མཁོ་བསྟུན་བརྙན་མཐོང་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་ནས།གྲོང་རྡལ་ཡོངས་ཀྱི་ནགས་ཚལ་མེ་འགོག་ལས་ཀར་རྨང་གཞི་འདིང་བ་རེད།

    


 

ཉེ་སྔོན།རྒྱལ་ཐང་ནགས་ལས་བྱེད་ས་(ས་ཚིགས)ཡིས་ནམ་གསལ་ཡུལ་མི་དང་ནགས་ཚལ་མེ་འགོག་གི་འགན་ལེན་ཆིངས་ཡིག་འཇོག་པ་རེད།

ཡང་ཐང་གྲོང་རྡལ་ནགས་ལས་བྱེད་ས་(ས་ཚིགས)ཀྱིས་སྔར་ལས་ལྷག་པར་ནགས་ཚལ་མེ་འགོག་གི་ལས་ཀ་ཡག་པོ་བསྒྲུབས་ཏེ།མང་ཚོགས་ལ་ནགས་ཚལ་མེ་འགོག་གི་དྲིལ་བསྒྲགས་དཔྱད་ཡིག་3960དང་།ཁྱིམ་བདག་གི་བརྡ་ཡིག་1982བཀྲམ་པ་དང་།དྲིལ་བསྒྲགས་སྦྱར་ཡིག་328སྦྱར་བ།

ཧྲན་ཅང་ཤང་ནགས་ལས་བྱེད་ས་(ས་ཚིགས)ཡིས་ཡུན་ནན་ཞིང་ཆེན་གྱི་ནགས་ཚལ་མེ་འགོག་སྲོག་ཡིགདང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཡོངས་མངའ་ཁོངས་ནང་གི་རི་ཐང་དུ་མེ་སྤྱོད་མི་ཆོག་པའི་བརྡ་ཐོ》《སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་རི་ཐང་དུ་མེ་སྤྱོད་པའི་དོ་དམ་ཚད་གཞིསོགས་ཀྱི་ཚད་གཞི་ལ་བརྟེན་ནས།ཤང་ཡོངས་ཀྱི་མི་དམངས་ལ་སྤྲོད་པའི་ཡིག་ཆཞིག་འབྲི་བ་དང་སྒྲ་ཟློས་ཀྱི་ཐོག་གཏོང་སྟེ།ནགས་ཚལ་མེ་ཉེན་གྱི་བདེ་འཇགས་ཐག་གཅོད་བྱེད་པའི་གཞི་རྩའི་རྒྱུན་ཤེས་དང་ཁྲིམས་འགལ་གྱི་མེ་སྤྱོད་བྱ་སྤྱོད་སོགས་དྲིལ་བསྒྲགས་བྱས་པ་དང་།མང་ཚོགས་ལ་ནགས་ལས་སྐྱེ་ཁམས་ཀྱི་བདེ་འཇགས་དྲིལ་བསྒྲགས་དཔྱད་ཡིག་300དང་ནགས་ཚལ་མེ་འགོག་གི་བདེ་འཇགས་ལག་དེབ100 ནགས་ཚལ་མེ་འགོག་གི་ཁྲིམས་ལུགས་དཔྱད་ཡིག་བསྡུས་སྒྲིགདེབ་200ལྷག་དང་  བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་ཡོངས་ཀྱི་མངའ་ཁོངས་ནང་གི་རི་ཐང་དུ་མེ་སྤྱོད་མི་ཆོག་པའི་བརྡ་ཁྱབདེབ་150ལྷག་བཀྲམ་པ་རེད།


 ཅིན་ཅང་གྲོང་རྡལ་གྱིས་ཁུལ་ཡོངས་ཀྱི་ནགས་ཚལ་མེ་འགོག་ལས་ཀའི་ཆེད་དོན་གྲོས་ཚོགས་དང་ཁུལ་ཡོངས་ནགས་ཚལ་མེ་འགོག་ལས་ཀའི་མཁོ་བསྟུན་བརྙན་མཐོང་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱས་པ་དང་།ནགས་ཚལ་མེ་འགོག་གི་སྦྱར་ཡིག་སྦྱར་ནས།མང་ཚོགས་ལ་ནགས་ཚལ་མེ་འགོག་གི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད།