བདེ་ཆེན་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་པེ་ཅིན་དུ་འགྲེམ་སྟོན་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་12པའི་ཚེས་15ཉིན།ཡུན་ནན་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཆེད་དོན་མཚམས་སྦྱོར་བྱེད་སྒོ་པེ་ཅིན་ཡུན་ནན་ཁང་ཆེན་ནས་གཟབ་རྒྱས་ངང་བསྡུས་པ།

  



  


  



  



        བདེ་ཆེན་ཁུལ་གྱི་སེམས་ཀྱི་ཉི་ཟླ་མཐོ་སྒང་གི་ལེགས་སྙོལ་བཟོ་རྩལ་སྦི་རག་ཚད་ཡོད་ཀུང་སི་དང་སེམས་ཀྱི་ཉི་ཟླ་ཆང་ལས་མ་རྐང་ཚད་ཡོད་ཀུང་སི།ཡུན་ནན་བོད་ཁུལ་ཐན་ཞང་ཆང་ལས་ཚད་ཡོད་ཀུང་སི།སེམས་ཀྱི་ཉི་ཟླའི་ནས་རིགས་ཐོན་ཁུངས་གསར་གཏོད་ཚད་ཡོད་ཀུང་སི།སེམས་ཀྱི་ཉི་ཟླ་དཔལ་འབྱོར་གསར་སྤེལ་ཆུས་ཀྱི་ལྗང་ནགས་ཉི་ཤར་བྱ་རིགས་གསར་གཏོད་ཚད་ཡོད་ཀུང་སི།སེམས་ཀྱི་ཉི་ཟླ་བོད་འབྲུག་སྐྱེ་དངོས་གསར་གཏོད་མ་རྐང་ཚད་ཡོད་ཀུང་སི།བདེ་ཆེན་ཁུལ་བོད་ཡུལ་སྐྱེ་དངོས་ཐོན་ཁུངས་ཚད་ཡོད་ཀུང་སི།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཙང་ཧྲེན་སྐྱེ་དངོས་སྨན་རིགས་ཚད་ཡོད་འགན་ལེན་ཀུང་སི།བདེ་ཆེན་ཁུལ་བདེ་མོ་སྐྱེ་ཁམས་མཐོ་གསར་ཐོན་ལས་མ་རྐང་ཚད་ཡོད་ཀུང་སི།འཇོལ་རྫོང་འཕེལ་རྒྱས་མཐོ་སྒང་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་སོགས་ཁེ་ལས་10ཡིས་བདེ་ཆེན་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཚབ་བྱས་ནས་མཚམས་སྦྱོར་བྱེད་སྒོར་ཞུགས་ཡོད།      

        ཉིན་དེའི་བྱེད་སྒོར་ཡོང་མཁན་ཧ་ཅང་མང་ཞིང་།བདེ་ཆེན་གྱི་ནས་རིགས་སྦི་རག་དང་ཉི་ཤར་བྱ་སྒོང་།བོད་སྨན་སོགས་ལ་དགའ་བསུ་ཐོབ་པ་རེད།