ཁྲུང་ཁྲུང་སྐེ་ནག་ཧྲན་ཅང་ཤང་དུ་བབ་སྡོད་ཡོང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2017-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

       སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧྲན་ཅང་ཤང་ཧྥུ་ཁུའུ་གྲོང་སྡེའི་ཞི་ཧྲི་ཐང་དུ་ཁྲུང་ཁྲུང་སྐེ་ནག་10ལྷག་བབ་སྡོད་དུ་ཡོང་ཞིང་།ཧྲན་ཅང་གི་ཡུལ་ལྗོངས་མཛེས་པོར་གྱུར་ཡོད།


        ཁྲུང་ཁྲུང་སྐེ་ནག་བབ་སྡོད་དུ་ཡོང་བ་ནི་ཧྲན་ཅང་ཤང་དུ་ཐེངས་དང་པོ་ཡིན་ཞིང་།ཧྲན་ཅང་ཤང་ནགས་ལས་ས་ཚིགས་ཀྱིས་དུས་ཐོག་ཏུ་སྲུང་སྐྱོང་བྱ་ཐབས་སྤྱད་པ་དང་མང་ཚོགས་ལ་བྱ་རིགས་ལ་གཅེས་དགའ་བྱེད་དགོས་པའི་དྲིལ་བསྒྲགས་སློབ་གསོ་བྱས་པ་རེད།